R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A):
[A:༧]ཆུབ་སེམས་སྦྱོང་ཇོ་བོ་བཀའ་གདམས་པའི་ལུགས། ཁ་ཆེའི་པན་ཆེན་ཤཱཀྱ་ཤྲཱིའི་ལུགས། རྒྱུད་ཀྱི་ཟབ་བཅུད་དུས་འཁོར་བའི་ལུགས་སོ། དང་པོ་སྤྱིར་ཐུབ་པའི་འདས་ལོ་ངོས་གཟུང་བ་ལ། བལྟམས་ལོ་ངོས་ཟིན་དགོས་པས། ཐུབ་པའི་དབང་པོ་དུས་ནམ་གྱི་ཚེ་བྱོན་ཞིང་། ལོ་གང་ལ་བལྟམས་ནས། ནམ་ཞིག་མྱ་ངན་ལས་འདས་པའི་ཚུལ་བསྟན་སྙམ་ན། ཆོས་ལ་འཇུག་པའི་སྒོ་ལས། གཡུལ་བརྟན་འོག་ཏུ་ཉིས་སྟོང་ལོན༎ དགའ་བྱེད་འོག་ཏུ་བརྒྱད་བརྒྱ་སྟེ༎ ཞེས་སོགས་དང་། ཡུལ་དབུས་ན་དགྲ་ངན་གྱི་སྲས་བརྒྱའི་གཅེན་འཐབ་པར་དཀའ་བ་ཞེས་བྱ་བ་བལྟམས་པའི་དུས་སུ། རྩོད་དུས་ཀྱི་འགོ་བཟུང་ངོ། དེའི་འགྲན་ཟླ་རྒྱལ་པོ་སྐྱབས་སེང་གི་སྲས་ལྔའི་གཅེན་གཡུལ་ངོར་བརྟན་པ་ཞེས་བྱ་བས། ལོ་བཅོས་ནས་ཉིས་སྟོང་དུ་ཉེ་བའི་ཚེ་ཤཱཀྱ་ཐུབ་པ་བྱོན་ནོ། ཞེས་པའི་རྡོ་རྗེའི་ཚིག་དེ་ཉིད་བཀྲོལ་ཏེ་བཤད་ན། གཡུལ་ངོར་བརྟན་པས་དགྲ་ངན་དཔུང་ཚོགས་བཅོ་བརྒྱད་བཅོམ་པའི་དུས་ནི། མི་རྣམས་ཚེ་ལོ་བརྒྱ་བཅོ་བརྒྱད་པ་ཡིན་ལ། དེའི་དུས་སུ་བསྐལ་པ་ཙམ་ལ་དུས་བཞིར་ཕྱེ་བའི་རྩོད་དུས་ཀྱི་འགོ་བརྩམས་པ་ཡིན་ལ། དེ་ནས་ལོ་སྟོང་དང་བདུན་བརྒྱ་དོན་དགུ་ལོན་པ་ན་མི་རྣམས་ཚེ་ལོ་བརྒྱ་པ་ཡིན་ཞིང་། དེ་ནས་ལོ་གསུམ་འདས་པའི་མེ་མོ་ཡོས་རབ་བྱུང་གི་ལོའི་ས་ག་ཟླ་བའི་ཉ་ལ་ལྷུམས་སུ་ཞུགས་ནས། རྣམ་བྱུང་གི་ལོ་ས་ཕོ་འབྲུག་ལ་སྐུ་བལྟམས། སོ་ལྔ་པ་ཆུ་ཕོ་སྟག་ལ་སངས་རྒྱས། བརྒྱད་ཅུ་པ་མེ་མོ་ཕག་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན་ནོ། འོ་ན་ལོ་དེ་ཉིད་ཀྱི་ཟླ་བ་གང་གི་ཚེས་པ་གང་ལ་མྱ་ངན་ལས་འདས་སྙམ་ན། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་འདས་པ་དང་། སྨིན་དྲུག་ཟླ་བའི་ཚེས་བརྒྱད་