[A:༡༠] དང་ཉག་མ་བཞི་ཁོ་ནར་ངེས་ཏེ། ལྔ་བརྒྱ་ཕྲག་གཅིག་ནི། ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་ཞེས་པ་དེ་ཉིད་ཡིན་པའི་ཕྱིར་རོ། དེ་ལྟར་ན་སྟོན་པ་འདས་པའི་ས་ཕོ་བྱི་ལོ་ནས་སུམ་སྟོང་འདས་པའི་ཕྱི་དེའི་ས་ཕོ་བྱི་ལོ་ནི་ལུང་ངམ་མངོན་པའི་དུས་ཀྱི་བསྟན་པའི་ཐོག་མ་ཡིན་ལ། ས་བྱི་དེ་ནས་དྲུག་བརྒྱ་གོ་བདུན་པ་ནི། ད་ལྟའི་ཤིང་ཕོ་བྱི་བ་འདི་ཡིན་ཞིང་། འདས་ལོ་ནས་སུམ་སྟོང་ལྔ་བརྒྱ་འདས་པའི་ཕྱི་དེའི་ས་ཕོ་སྤྲེལ་ལོ་ནི། མདོ་སྡེའི་དུས་ཀྱི་བསྟན་པའི་ཐོག་མ་ཡིན་ལ། ས་སྤྲེལ་དེ་ནས་བརྒྱ་དང་གོ་བདུན་པ་ནི་ད་ལྟའི་ཤིང་ཕོ་བྱི་བ་འདི་ཡིན་ནོ།
གསུམ་པ་གཞན་གྱི་རྩོད་པ་སྤོང་བ་ནི། འོ་ན་ས་ལུགས་དང་ཇོ་ལུགས་གཉིས་ལ་ལོ་གསུམ་གྱི་ཁྱད་པར་ལས་མེད་པས་འགལ་བ་ཆེར་མེད་མོད། དུས་འཁོར་ལུགས་དང་ལོ་སྟོང་དང་སུམ་བརྒྱ་ལྷག་ཅིག་གི་ཁྱད་ཞུགས་པ་དང་། དེ་བཞིན་དུ་ཁ་ཆེ་པན་ཆེན་གྱི་ལུགས་དང་ཡང་བར་ཁྱད་ཧ་ཅང་ཆེ་བར་ཡོད་པས་ཇི་ལྟར་ཡིན་སྙམ་ན། འདི་ལ་འཇམ་དབྱངས་ས་པཎྜི་ཏའི་གསུང་གིས་ཁ་ཆེ་པན་ཆེན་གྱི་ལུགས་དེ་ལྟར་རྒྱ་བལ་གྱི་པནྜི་ཏ་མང་པོ་ཡང་བཞེད་མོད། འཐད་པ་མ་ཡིན་ཏེ། རྒྱ་གར་ན་ཉན་ཐོས་སེནྡ་བ་རྣམས། སྟོན་པ་འདས་ནས་ལོ་དུ་སོང་རྩི་བ་ཞིག་ཡོད་པ་ལས། མ་ག་དྷའི་ཐུབ་པ་ཆེན་པོའི་སྐུ་གཟུགས་དེ། སློབ་དཔོན་ཐོ་(མཐོ)བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོས་མཛད་པར་བཞེད་ནས་ཙན་དན་གྱི་ལྡེ་གུ་སྤུངས་པ་ན། རང་བྱོན་དུ་བྱུང་བའི་དུས་དེ་ནས་ལོ་དུ་སོང་རྩི་བའི་རྩིས་དང་། ཕན་ཚུན་འཁྲུགས་ནས། པན་ཆེན་གྱི་རྩིས་དེ་ནི་མ་ཧཱ་བོ་དྷི་རང་བྱོན་དུ་བྱུང་བའི་དུས་ཀྱི་ཐོག་མ་ལ། སྟོན་པའི་འདས་ལོར་བཟུང་བ་ཡིན་ཏེ། གཞན་དུ་ན་ལྷ་མོ་དྲི་མ་མེད་པའི་འོད་ལུང་