R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༤
[A:༢༣༤]བཤད་པས། ཀུན་མཁྱེན་ཆོས་རྗེ་འདུས་ཚོགས་དང་བཅས་པ་ལེགས་བཤད་བདུད་རྩིའི་མཆོད་པས་མཉེས་ཏེ། འབུམ་ཕྲག་གསུམ་པ་ཞེས་མཚན་གྱི་ཤིས་བརྗོད་སྙན་པའི་གླུ་དབྱངས་སུ་ཟློས། སྒྲ་པ་ཤེས་རིན་དང་། ཤངས་པ་ཀུན་དགའ་དཔལ་ལྡན་ལ་སྒྲ་ཀ་ཙན་སོགས་རིག་གནས་ཆེ་ཆུང་ལ་སྦྱངས་པས་པཎྜི་ཏ་ཞེས་སྙན་པར་གྲགས། སུམ་ཅུ་པ་རྟ་ལོའོཀུན་མཁྱེན་གོ་རབ་འབྱམས་པ་ཟུར་འཆད་བའི་སྐབས་སུ། བྱམས་ཆེན་ཆོས་རྗེས་མཁན་པོ། གོ་རམས་ཆེན་པོས་ལས་སློབ། ཞ་ལུ་བ་དཀའ་བཅུ་པས་དུས་གོ་བ་མཛད་དེ། འཇམ་དབྱངས་ཆོས་རྗེ་སོགས་མང་ཞིག་དང་མཉམ་དུ་བསྙེན་པར་རྫོགས། རྟ་ལོ་དེ་ཉིད་ཀྱི་དབྱར་ཆོས་ལ། རྩེ་ཐང་སོགས་སུ་གཞུང་ལུགས་དྲུག་ཅུའི་བཤད་པའི་དགའ་སྟོན་སྤེལ། སོ་གཅིག་པ་ལུགའུག་ལོ་དགུན་ཆོས་ལ་དཔལ་ངམ་རིངས་སུ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་བཤད་པའི་སྲོལ་ཆེན་པོ་བཏོད། ལུག་ལོར་དབྱར་ཆོས་ལྷོ་ཤེལ་དཀར་དུ་བཤད་པའི་ཆོས་སྦྱིན་རྒྱས་པར་བསྩལ། སོ་གཉིས་པ་སྤྲེལ་ལོར་གློ་བོ་སྨོན་ཐང་གི་ཆོས་སྡེར་འབུམ་གྱིས་གཙོས་པའི་གཞུང་ལུགས་བརྒྱ་ལ་མཁས་པའི་དགའ་སྟོན་བསྒྲུབས། ཆོས་རྒྱལ་ཨ་མགོན་དྲུང་དུ། གདན་དུ་འོས་པའི་མཐའ་ཅད་དང་། འབོལ་གྲུབ་དང་། སུམ་སྟན་མཉེལ་འབོལ་གྱི་ཁྲི་ལ་རིམ་བཞིན་འབུལ་གྱི་གླེགས་བམ་ཀ་པ། ཁ་པ། ག་ང་གཉིས་རྣམས་མགྲིན་པའི་དཔལ་ནས་བཀོད་པས། རྒྱལ་བློན་འབངས་བཅས་ངོ་མཚར་གྱི་དཔལ་ལ་བཀོད་པས། པོ་ཏི་ལྔ་པ་མན་ཆད་གསུང་ནས་སྒྲོགས་པ་དང་། རྒྱལ་བློན་གྱིས་ཐོག་དྲངས་བློན་པོ་ལུང་གང་གི་སྐལ་ལྡན་རྣམས་ལ་འབུམ་གྱི་ལུང་བཤད་པའི་དགའ་སྟོན་ཕྱོགས་གཅིག་ཏུ་གནང་བས། རྒྱལ་བློན་ཀུན་གྱིས་ཞབས་སེན་སྤྱི་བོར་བླངས་ཤིང་འདོད་རྒུའི་མཆོད་པ་རྒྱ་ཆེར་ཕུལ། སོ་གསུམ་པ་བྱ་ལོར་ཤར་ལམ་མུས་ཆེན་དྲུང་དུ་