[A:༢༤༠] ཕྱོགས་ལས་རྣམ་རྒྱལ། སྐྱིད་གཤོངས་པ་ཆེན་པོ་བློ་གྲོས་རྣམ་རྒྱལ། འཇམ་དབྱངས་སངས་རྒྱས་རྒྱལ་མཚན། འཛམ་གླིང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ། ལྔ་རིག་བཀྲ་ཤིས་ཆོས་འཕེལ། གདན་གཅིག་པ་ཤཱཀྱ་རྒྱ་མཚོ། མཁས་མཆོག་གྲགས་པ་བཟང་པོ། འཇམ་མགོན་དཔལ་ལྡན་བཀྲ་ཤིས་དང་བརྒྱད་དོ་(གཅིག་ལྷག་) །
ཁོ་བོ་ཅག་ཀྱང་ལོ་བཅོ་ལྔ་ལོན་པའི་ཚེ། ཀུན་མཁྱེན་ཆེན་པོས་གདན་ས་པཎ་གྲུབ་བཟང་པོ་བཀྲ་ཤིས་ལ་གཏད་ཙམ་གྱི་བྱ་ལོ། དཔལ་མཉན་ཡོད་ཀྱི་གཙུག་ལག་ཁང་དུ། རྗེ་ཉིད་ཀྱི་ཞབས་པད་བསྟེན། རབ་ཏུ་བྱུང་བའི་མཁན་པོ་དང་། བླ་མའི་རྣལ་འབྱོར་སོགས་ཀྱི་བཀའ་དྲིན་བསྩལ་ཏེ། དགེས་པ་ཆེན་པོས་བསྐྱངས་ཤིང་། བྱིན་རླབས་སྙིང་ལ་སིམ། མིང་བསྒྱུར་བའི་ཚེ། ཁྱོད་ཀྱི་སྐྱ་མིང་ལ་ཅི་ཟེར་གསུངས། ཀླུ་རྒྱལ་ནོར་བུར་འབོད་ཞུས་པས། མིང་ཟུར་གྱི་ཀླུ་མིང་དེ་མ་ཆད་པ་ཞིག་དགོས་པ་འདུག ད་ཁྱོད་ཡོན་ཏན་ཆེ་བ་འདམ་མམ། གྲགས་པ་ཆེ་བ་འདམས་གསུངས། ཅི་ཡང་ཞུ་མ་སྤོབས་པ་ལ། ཡོན་ཏན་ཆེ་བ་དགའ་མོད། མིང་ལ་འདི་བཞིན་གྱིས་གསུང་བ་ཕེབས་ཤིང་བརྩེ་བས་བསྐྱངས། མདོར་ན་འཆད་པ་ཁོ་ནས་བསྟན་པ་སྤེལ་བ་ལ། རོང་སྟོན་གྱི་རྗེས་སུ། ཀུན་མཁྱེན་ལྕགས་ཐང་པ་འདི་ཉིད་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ།
སུམ་སྟོང་དྲུག་བརྒྱ་ཉི་ཤུ་རྩ་བདུན་འདས་པའི་རྩ་བརྒྱད་པ་ཤིང་མོ་ཡོས་
སྤྱི་ལོ་༡༤༩༥
པཎ་གྲུབ་བཟང་པོ་བཀྲ་ཤིས་བྱང་ཕྱི་འབྲོག་དོལ་ཁྲོད་དུ་བྱོན། ཡོངས་ཀྱི་འདྲེན་པ་ལྷ་མང་ལྕགས་གསུམ་འཆི་མེད་དབང་པོ་འཛམ་གླིང་རབ་འབྱམས་ཏེ་ལྔ་ལ་མདོ་སྔགས་ཀྱི་གསན་པ་མཛད་ཅིང་། ཞེས་གསུམ་པ་