[A:༡༣]གསུམ་དང་ཞག་གཉིས་ནས། མ་ན་རེ། སྒོ་ཕྱེ་ཞིག། སང་ང་འཆི་ད་ལྟ་སངས་རྒྱས་མཐོང་བ་ང་བས་མེད་པས་ངས་འདྲ་མི་འདྲ་ལྟ་དགོས་ཟེར། སྒོ་ཕྱེ་བས་ལྷ་བཟོ་བ་སྤྲུལ་པ་ཡིན་པས་ནམ་མཁའ་ལ་ཡལ། སྐུ་ཤིན་ཏུ་མཚར་བ་དགུང་ལོ་སུམ་ཅུ་པའི་སྐུ་ཚད་ཅིག་བཞེངས། ཞག་གཅིག་མ་ཚང་བས་ཞབས་གཡས་པའི་མཐེའུ་ཆུང་ཅུང་ཟད་མ་རྫོགས་ཞེས་འབྱུང་བའི་སྐུ་དེ་ནི་སྟོན་པ་འདས་ནས་ལོ་བརྒྱ་སྐོར་ལ་བྱུང་། དེ་རྗེས་མཐོ་བཙུན་གྲུབ་རྗེ་མཆེད་ཀྱིས་བཞེངས་པའི་སྐུ་ནི། སྟོན་པ་འདས་ནས་ལོ་སྟོང་དང་ལྔ་བརྒྱ་གྱ་དགུ་འདས་པའི་དགུ་བཅུ་པ་མེ་མོ་སྦྲུལ་ལ་བྱོན་པ་ཡིན་པས། ཀླུ་སྒྲུབ་ཀྱིས་བདག་རྐྱེན་མཛད་པའི་མ་ཧཱ་བོ་དྷི་དེ། ཁྱིམ་བདག་མ་ཧཱ་པཱ་ལའི་བུ་ཆུང་བས་བཞེངས་པའི་གནྡྷོ་ལའི་ནང་གི་སྐུ་དེ་ཡིན་ནོ། ཞེས་བཤད་ན་སྐྱོན་ཅི་ཡང་མེད་པའི་ཕྱིར་དང་། གལ་ཏེ་མཐོ་བཙུན་གྲུབ་རྗེའི་རང་བྱོན་གྱི་སྐུ་ཡིན་པར་བྱེད་ན་ཡང་། ཀླུ་སྒྲུབ་ཀྱིས་ལོ་དྲུག་བརྒྱ་ལས་མ་བཞུགས་པ་ནི། ཀླུ་སྒྲུབ་རང་གི་དབུ་རྒྱལ་པོ་མཐར་འགྲོ་གཞོན་ནུའི་སྲས་གཞོན་ནུ་ནུས་ལྡན་ལ་སྦྱིན་པར་མ་བཏང་གི་བར་གྱི་སྤྱིར་བཏང་གི་སྐད་ཆ་ཡིན་གྱི། དམིགས་བསལ་ལ་དབུ་སྦྱིན་པར་བཏང་ནས་བདེ་བ་ཅན་དུ་གཤེགས་པའི་རྗེས་སུ་ཡང་། དབུ་དང་སྐུ་ལུས་འགྲིག་ནས་འགྲོ་བའི་དོན་མཛད་ཅེས་བཤད་པས། སླར་ཡང་སྐུ་ཚེ་ལོ་མང་པོའི་བར་དུ་བཞུགས་པར་གྲུབ་པའི་ཕྱིར་རོ།
སྐྱོན་གཉིས་པའི་གནོད་པ་ནི། ཁྱེད་ཀྱི་རྩོད་པ་ནི། རྒྱ་གར་གྱི་པན་གྲུབ་དག་གི་སྐུ་ཚེའི་ཚད་བློར་མ་ཤོང་བའི་བབ་ཅོལ་ཁོ་ནས་དཀྲུགས་པ་ཡིན་ལ། ཁོ་བོ་ཅག། སྟོན་པ་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་ཅན་གྱི་ཡུལ་དུ་ཆོས་དར་བར་ལུང་བསྟན་པའི་དོན་ནི། ཉིས་སྟོང་ལྔ་བརྒྱ་དང་བཞི་བཅུ་