R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤
[A:༡༤]པ་ མེ་མོ་ལུག་གི་ལོ་
སྤྱི་ལོ་ ༤༠༧
བོད་ཀྱི་རྒྱལ་པོ་ཐོ་ཐོ་རི་སྙན་བཙན་གྱིས་དགུང་ལོ་དྲུག་ཅུ་བཞེས་པའི་ཚེ་དམ་པའི་ཆོས་ཀྱི་གླེགས་བམ་བྱུང་བ་ལ་ངོས་བཟུང་བ་ཡིན་ལ། དེ་དུས་མཁན་རབས་ཀྱི་དབང་དུ་བྱས་ན་མཁན་པོ་ཞི་བ་འཚོའི་སྐུ་ངོ་ཡིན་ཏེ། དམ་པའི་ཆོས་ཀྱི་གླེགས་བམ་དེ་ཡང་ཁོང་གིས་རྒྱ་གར་ནས་སྤྱན་དྲངས་པ་ཡིན་ལ། ཁོང་གིས་དེ་ནས་བཟུང་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བར་དུ་བཞུགས་ནས་འགྲོ་བའི་དོན་མཛད་ཅེས་མཁས་པ་དག་གིས་འཆད་པའི་ཕྱིར་རོ།
གཉིས་པ་རྒྱས་པར་བཤད་པ་ལ། འཕགས་ཡུལ་དུ་བསྟན་པ་ཇི་ལྟར་བྱུང་བའི་ཚུལ། བོད་གངས་ཅན་དུ་ཇི་ལྟར་བྱུང་བའི་ཚུལ་ལོ། དང་པོ་ལ་གཉིས། སྟོན་པ་ཞལ་བཞུགས་པའི་དུས་ཇི་ལྟར་བྱུང་བའི་ཚུལ། སྟོན་པ་སྐུ་མྱ་ངན་ལས་འདས་ནས་ཇི་ལྟར་བྱུང་བའི་ཚུལ་ལོ།
ཏིའུ་ར་པའི་དུས་འཁོར་གྱི་ཆོས་འབྱུང་ལས། སྟོན་པ་སོ་ལྔ་པ་ལ་རྣམ་སྨིན་གྱི་ལུས་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་སླར་རྣམ་སྨིན་ལུས་ལ་ཞུགས་ནས་སོ་དྲུག་པ་ལ་རྡོ་རྗེ་གདན་དུ་སངས་རྒྱས་ཞེས་བཤད་དོ།
དང་པོ་ནི་བདག་ཅག་གི་སྟོན་པ་ཆུ་ཕོ་སྟག་གི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས་པ་ཡིན་ལ་དེའི་ཚེ་བཙུན་མོ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་། སྟོན་པའི་ཕུ་བོ་བདུད་རྩི་སྐྱེས་ཀྱི་སྲས་སུ་ཀུན་དགའ་བོ་ཡང་བལྟམས་ཏེ། དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་། བདུད་རྣམས་ཀྱིས་སྟོན་པ་སྐུ་ནོངས་སོ་ཞེས་བསྒྲགས་པ་ལ་དེ་ལྟར་མ་ཡིན་ཏེ། སྟོན་པས་བདུད་རྩི་བསྙེས་སོ་ཞེས་རྒྱལ་པོ་ཟས་གཙང་མ་མཆེད་རྣམས་ཀྱིས་ཐོས་པས། རྒྱལ་