[A:༢༦༡]པ་སརྒ་ཀྲིཏ་ཏད་ནི་ཏ་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་གྲུབ་པའི་ཚིག་དེ་ལ་གྲུབ་པ་ཞེས་བྱའོ། །
གྲུབ་པའི་ཚིག་དེའི་གྲུབ་པ་གང་ཡིན་པ་དེ་ནི་ཡང་མི་མངོན་པ་མེད་དོ་ཞེས་བྱིངས་རྐྱེན་གྱིས་བསྒྱུར་ཡང་། བྱིངས་ཀྱི་རང་བཞིན་མི་འགྱུར་བ་ནི་ཐར་པའི་དཔེར་གསུང་ཞིང་། སྒྲུབ་ཚུལ་དེ་དག་སྟོན་པའི་གཞུང་ནི། ནཱ་མ་ཞེས་པའི་མིང་ལེ་དང་། ཨཱ་ཁྱཱ་ཏ་ཀུན་བཤད། ཀྲྀཏ་ཅེས་པ་ཀྲྀཏ་ཀྱི་ལེའུ་སྟེ་སྒྲའི་ལུས་གཞུང་ཙན་གསུམ་དུ་སྡུས་ཤིང་། དེ་དག་གི་རྣམ་འགྱུར་དང་ཉེར་མཁོ་ནི་ཨུ་པ་སརྒ་ཉེ་བསྒྱུར་དང་། ཏད་དྷི་ཏ་དེ་ཕན་ལ་སོགས་པའི་གཞུང་ངོ་། །དེ་ཡང་ཥེ་ཏུ་བསྟན་བཅོས་ལ་སྟེ་བཀྲ་ཤིས་པའོ། །ཞེས་པའི་བྱིངས་བཞག་དེ་ལས་ལ་ཀྟའི་ཞེས་པས་ཀྟའི་རྐྱེན་སྦྱིན། བྱིངས་མཐའི་ཨུ་དང་། རྐྱེན་གྱི་ཀ་རྗེས་འབྲེལ་ཡིན་པས་ཕྱིས། གྷ་ཛྷ་ཌྷ་དྷ་བྷ་རྣམས་ཀྱི་དྷ་མིན་པའི་ཏ་ཐ་དག་ལ་དྷའོ་ཞེས་པ་དྷ་རུ་བསྒྱུར། བྱིངས་ཀྱི་དང་པོ་ཥེའི་སའོ་ཞེས་པས་ཥ་ས་རུ་ལ་དྷའོ་ཞེས་པས་དྷ་རུ་བསྒྱུར། དྷུ་ཊ་རྣམས་ཀྱི་གསུམ་པའོ་ཞེས་པའི་མདོས་དྷ་ཡིག་ད་རུ་བསྒྱུར། མིང་ཚིག་དུ་སྒྲུབ་པ་ལ་རྣམ་དབྱེ་གཉིས་པའི་སམ་བྱིན་པས། གྲུབ་པ་ཞེས་པ་གྲུབ་པ་ལ་འཇུག་པའི་གྲུབ་པའི་ཚིག་གོ། །
དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐད་ཀྱི་བྱིངས་ནི་མཁས་ཤིང་ཁོང་དུ་ཆུད་པའོ་གསུངས་ཏེ། བུདྷ་ཁོང་དུ་ཆུད་པའི་རྟོགས་པ་ལའོ། །ཞེས་པའི་བྱིངས་ལས་སྒྲུབ་ཅེས་གསལ་བར་གསུངས་པའི་ཕྱིར་དང་། ཁྱད་པར་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་གཟུངས་སྔགས་ཀྱི་རིགས་ཕལ་ཆེར་ཞིག་ལེགས་པར་སྦྱར་བ་དང་མཚུངས་པར་གསུངས་པས། ལེགས་སྤྱར་མ་ཤེས་ན་དེ་དག་ཀློག་པ་དང་། འཆད་པའི་ཐབས་མི་ཤེས་པས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་