[A:༢༧༣]པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང་། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པ་བསགས་པའི་དོན་དུ་འཆད་མོད། འདིར་ནི་དེ་ལྟར་མ་གྲགས་ཏེ། ཀ་ལཱ་པ་ནི་སཔྟ་ཝརྨ་ཉིད་ཀྱིས་བརྩམས་ལ་ཆ་བསགས་ཀྱི་དོན་ནི་ཉེ་བར་མཁོ་བའི་ཆ་ཤས་མཐའ་དག་བསགས་པའོ། །ཞེས་པའི་དོན་ནོ། །
དེ་བཞིན་དུ་སློབ་དཔོན་འདིའི་མིང་ལ་དབང་ཕྱུག་གོ་ཆ་ཞེས་བྱ་བ་ཡིན་ཅིང་། སརྦ་ཝརྨ་ཞེས་པ་ཡང་ཡིན་ནོར་བརྒྱུད་པ་སྟེ། སཔྟ་ཝརྨ་བདུན་པའི་གོ་ཆ་ཡིན་ནོ།
ཀཱ་ལི་ད་སའི་ལོ་རྒྱུས་ནི། ཝ་ར་ཎ་སིའི་རྒྱལ་པོ་བི་མ་ཤུཀླའི་མཆོད་གནས་སུ་བྲམ་ཟེ་མཆོག་སྲེད་ཡོད་པའི་ཚེ། རྒྱལ་པོའི་བུ་མོ་དཔྱིད་ལྡན་མ་ཞེས་བ་བ་བྲམ་ཟེ་མཆོག་སྲེད་ལ་སྦྱིན་པར་བྱས་པ་ལས། དཔྱིད་ལྡན་མ་ང་རྒྱལ་གྱིས་དྲེགས་པས་མཆོག་སྲེད་ལས་ཁོ་མོ་མཁས་པའི་ཕྱིར་གཡོག་མོ་མི་བྱེད་དོ་ཞེས་བྱས་སོ། །དེར་མཆོག་སྲེད་ཀྱིས་འདི་རྫན་གྱིས་བསླུ་བར་བྱའོ་སྙམ་ནས། འོ་ན་བདག་གི་སློབ་དཔོན་མཁས་པ། བདག་ལས་བློ་གྲོས་བརྒྱ་འགྱུར་གྱིས་ཆེ་བ་ཞིག་ཡོད་པ་དེ་སྤྱན་དྲངས་ལ། དེ་ལ་རྒྱལ་པོས་དཔྱིད་ལྡན་མ་སྩོལ་ཅིག་ཅེས་བས་ནས། མ་ག་དྷའི་གནག་རྫི་གཟུགས་བཟང་པ་ཞིག་ཤིང་གི་ཡལ་གའི་རྩེ་མོ་ལ་གནས་ཏེ། ཡལ་གའི་རྩ་བ་ལ་སྟེའུ་བསྣུན་པར་བྱེད་པ་མཐོང་ནས། ཤིན་ཏུ་བླན་པར་ཤེས་ཏེ། དེ་བོས་ནས་ཞག་འགར་ཁྲུས་དང་བཀུ་མཉི་ཕུན་སུམ་ཚོགས་པར་བྱས། བྲམ་ཟེ་པཎྜེ་ཏའི་ཆ་བྱད་དུ་བཅོས། ཨི་སྭསྟི་ཞེས་བྱ་པ་གཅིག་བུ་བསླབས་ཏེ། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་པའི་བཞུགས། རྒྱལ་པོ་ལ་མེ་ཏོག་གཏོར་ཏེ། ཨི་སྭསྟི་ཞེས་བྱ་བ་