R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༢
[A:i-༢]བྱི་བ་
སྤྱི་ལོ་༡༥༦༤
ཕན་ལ་འདས་ལོ་ཇི་མཚམས་སོང་བ་ཁ་གསལ་བཀོད་ཐོག་རང་ལུགས་ས་སྐྱ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་སུམ་སྟོང་དྲུག་བརྒྱ་དགུ་བཅུ་རྩ་དྲུག་འདས་ཤིང་རྩ་བདུན་པའི་སྐབས་རྩིས་གཞིར་བཟུང་ཐོག ལུགས་སོ་སོའི་འདས་ལོའི་དབར་བར་ཁྱད་ཡོང་བའི་རྒྱུ་མཚན་སྐོར་ས་པཎ་དང་། མཁས་པ་གཞན་གྱིས་དགག་སྒྲུབ་གནང་བ་རྣམས་ཀྱང་བཀོད་པ་འདིས་སྟོན་པའི་འདས་ལོར་བཞེད་པ་འདྲ་མིན་ཡོད་པའི་ཞིབ་འཇུག་ལ་དཔྱད་གཞི་ཆེ་བ་མ་ཟད། ལྷག་པར་བསྟན་རྩིས་དངོས་གཞིའི་ལོ་ཚིགས་སྐབས་བསྟན་རྩིས་འདིར་བཞེད་པའི་ས་ལུགས་སྟོན་པའི་འདས་ལོ་ཚད་མར་བཟུང་བ་རྣམས་སྨོས་ཅི། གལ་སྲིད་ལུགས་གཞན་འཛིན་མཁན་ཡིན་རུང་ས་ལུགས་སྟོན་པའི་འདས་ལོའི་ཐོག་ནས་དབྲི་སྣོན་ཕྲན་བུ་བྱས་པས་ལུགས་གཞན་གྱི་འདས་ལོ་བདེ་བླག་ཏུ་ཤེས་ཐུབ་པ། དཔེར་ན། རབ་བྱུང་དགུ་པའི་ཤིང་བྱི་སྤྱི་ལོ་༡༥༦༤ ཕན་ལ་ས་ལུགས་སྟོན་པའི་འདས་ལོ་༣༦༩༦ འདས་ཏེ་༣༦༩༧ ལོའི་སྐབས་ཡིན་པ་དེ་སྤྱི་ལོའི་སྔོན་གྱི་ལོ་༢༡༣༣ དང་ཇོ་བོ་རྗེའི་ལུགས་ཀྱི་འདས་ལོ་༣༧༠༠ དེ་སྤྱི་ལོའི་སྔོན་གྱི་ལོ་༢༡༣༦ ཁ་ཆེ་པཎ་ཆེན་ལུགས་ཀྱི་འདས་ལོ་༢༡༠༧ དེ་སྤྱི་ལོའི་སྔོན་གྱི་ལོ་༥༤༣ དུས་འཁོར་ལུགས་ཀྱི་འདས་ལོ་༢༣༩༧ དེ་སྤྱི་ལོའི་སྔོན་གྱི་ལོ་༨༣༣ བཅས་ཡིན་པས་ས་ལུགས་སྟོན་པའི་འདས་ལོ་ལས་ཇོ་བོ་རྗེའི་ལུགས་ལོ་གསུམ་གྱིས་སྔ་བ། ཁ་ཆེ་པཎ་ཆེན་ལུགས་དེ་ལོ་ཆིག་སྟོང་ལྔ་བརྒྱ་དགུ་བཅུ་དང་། དུས་འཁོར་ལུགས་ནི་ལོ་ཆིག་སྟོང་སུམ་བརྒྱས་ཕྱི་བ་དེ་དག་ས་ལུགས་སྟོན་པའི་འདས་ལོར་སྣོན་ཕྲི་(སྐབས་འདིའི་ས་ལུགས་སྟོན་པའི་འདས་ལོའི་ཁར་འགྲོ་བཞིན་པའི་ལོ་དེ་ཡང་བསྣན་ཡོད་པ་འདི་དོ་སྣང་དགོས་པའི་གནད་ཅིག་ཡིན་)བྱས་པས་ལུགས་སོ་སོའི་འདས་ལོ་དང་། དེ་སྤྱི་ལོ་གང་ལ་བབས་པ་བདེ་བླག་ཏུ་རྟོགས་ཐུབ་པ་བསྟན་