[A:༡༧]པས་ཉེ་བའི་ལྔ་སྡེ་ཞེས་གྲགས་སོ།
དེ་ནས་ཝཱ་ར་ན་སིའི་ཁྱེའུ་ལྔ་བཅུས་དགྲ་བཅོམ་ཐོབ། དེའི་ཚེ་དགྲ་བཅོམ་པ་དྲུག་ཅུ་རྩ་གཅིག་བྱུང་སྟེ། དུས་དེར་གནས་ཝཱ་ར་ན་སིར། དགེ་སློང་ལྔ་སྡེ་བཟང་པོ་སོགས་ལ། ཁྱིམ་བདག་དགེ་བཟང་ཞེས་བྱ་བས་དགེ་འདུན་གྱི་གཙུག་ལག་ཁང་བརྩིགས་ནས་ཕུལ་བའི་ཐོག་མ་བྱུང་བ་ཡིན་ཏེ། དེ་ཡང་ཁང་བཟང་ཁྱམས་བཅུ་གཉིས་པ་ཞེས་པ་དབུས་སུ་དྲིའི་གཙང་ཁང་། དེའི་གཡས་གཡོན་དུ་གཉིས། མདུན་དུ་སྒོ་ཁང་། དེའི་གཡས་གཡོན་དུ་གཉིས། ལྷོ་བྱང་གཉིས་སུ་ཡང་གསུམ་གསུམ་མོ་དེ་ཡང་དྲིའི་གཙང་ཁང་དང་། སྒོ་ཁང་སྟེང་གི་བསིལ་ཁང་གཉིས་བདུན་རྩེགས། གཞན་རྣམས་ལྔ་རྩེགས་སོ།
དེ་ནས་རལ་པ་ཅན་གྱི་ནགས་ཚང་ཚིང་ཞེས་པར། དྲུག་ཅུ་སྡེ་བཟང་པོས་དགྲ་བཅོམ་པ་ཐོབ་ཅིང་། སྐྱབས་གསུམ་ཁས་བླངས་པའི་བསྙེན་པར་རྫོགས་ཞེས་བཤད།
དེ་ནས་གྲོང་སྡེ་ཅན་དུ། སྟེང་རྒྱས་འོད་སྲུངས་རལ་པ་ཅན་སྤུན་གསུམ་འཁོར་སྟོང་དང་བཅས་པས་དགྲ་བཅོམ་པ་ཐོབ།
དེ་ནས་མ་ག་དྷར་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བདེན་པ་ལ་བཀོད། འོད་མའི་ཚལ་དུ་གཙུག་ལག་ཁང་བརྩིགས་ཏེ་ཕུལ། དགེ་འདུན་ལ་རྒྱུན་གྱི་གསོས་སྨན། ས་བོན་བུམ་པ་སྟོང་གི་ས་གཞིས་གྲོང་གཡོག་དང་བཅས་པ་ཕུལ་བའི་ཐོག་མ་དེ་ནས་བྱུང་ངོ།
དུས་དེར། མཆོག་ཟུང་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་དང་། གཞན་ཡང་འོད་སྲུངས་ཆེན་པོ་སོགས་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་དོ།
དེ་ལྟར་རལ་པ་ཅན་སྟོང་། མཆོག་ཟུང་འཁོར་བཅས་ཉིས་བརྒྱ་ལྔ་བཅུ་