R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨
[A:༡༨]སྟེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་བྱུང་པས། སྟོན་པའི་འཁོར་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ནི་དེ་དག་ཡིན་པར་ཤེས་དགོས་སོ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། མཉན་ཡོད་དུ་རྒྱལ་པོ་གཞོན་ནུ་རྒྱལ་བྱེད་ཀྱི་ཚལ་གསེར་གཅལ་དུ་བཀྲམས་པས་ཉོས་ཏེ། གཙུག་ལག་ཁང་ཆེན་པོ་བཅུ་དྲུག། ཁང་ཕྲན་དྲུག་ཅུ་དང་བཅས་པ་བརྩིགས་ཏེ་ཕུལ། དུས་དེའི་ཚེ་ཤཱ་རིའི་བུས་ཀུན་ཏུ་རྒྱུ་མིག་དམར་བསྙེན་རྫོགས་བྱས་པར་བཤད་པས། གསོལ་བཞིའི་ད་ལྟར་ཆོ་གའི་ཐོག་མ་ནི་སྟོན་པ་སངས་རྒྱས་ནས་ལོ་ལྔ་ཙམ་གྱི་དུས་སུ་བྱུང་བར་སེམས་སོ། དེ་ན་མཁྱན་ཡོད་དུ་བསྟན་པ་ཚུགས་ཏེ་དགེ་འདུན་ལ་གནས་མལ་སོགས་ཀྱིས་མཉེས་པར་བྱས་པའི་ཐོག་མ་དེ་ཡིན་ནོ། ཏིའུ་ར་པས་སྟོན་པས་སོ་བརྒྱད་བཞེས་པ་ན་མཉན་ཡོད་རྒྱལ་བྱེད་ཚལམགོན་མེད་ཟས་སྦྱིན་གྱིས་ཕུལ་ཟེར་བ་འདུག་སྟེ་སོ་བརྒྱད་སོ་དགུ་གང་འཐད་ལ་ཡིན་པར་ཁོ་བོ་ཡང་སེམས་སོ། དེ་རྗེས་སྟོན་པ་སངས་རྒྱས་ནས་ལོ་དྲུག་ལོན་པའི། མེ་མོ་ལུག་གི་ལོ་སེར་སྐྱར་ཡབ་སྲས་མཇལ་ཏེ། དེའི་ཚེ་ཟས་གཙང་ལ་སྐྱེད་ཚལ་ལྔ་བརྒྱ་ཡོད་པའི་ཉེ་གྲོ་ཏཚངས་པའི་གནསསྐྱེ་ཡོད་གསུམ་དུ་རྒྱལ་བྱེད་ཚལ་འདྲ་བའི་གཙུག་ལག་ཁང་རེ་རེ་བཞེངས་ཏེ་ཕུལ། ཟས་གཙང་དང་གྲགས་འཛིན་མ་སོགས་བདེན་པ་ལ་བཀོད། སྒྲ་གཅན་ཟིནཤཱ་རིའི་བུ་ལ་གཏད་དེ་རབ་ཏུ་བྱུང་། དེའི་ཚེ་རྒྱལ་པོས་ཟས་གཙང་གིས་ཤཱཀྱའི་རིགས་ལ་རབ་ཏུ་བྱུང་བར་ཁྲལ་བཅས་ཏེ། གྲོང་ལྔ་བརྒྱ་ནས་ཤཱཀྱ་བཟང་ལྡན་དང་། ལྷས་བྱིན་སོགས་ལྔ་བརྒྱ་