R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤
[A:༢༤] མི་འདྲ་བའི་བཤད་པའི་རྣམ་གྲངས་སུ་འདུག་པ་བརྟག་པར་བྱ་བའི་གནས་སོ། སྟོན་པའི་ཉན་ཐོས་མཆོག་ཟུང་དུ་གྲགས་པའི་ཤཱ་རིའི་བུ་ནི། ཡུལ་ན་ལ་དའི་བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་པས་ཉེ་རྒྱལ་དང་། མ་ཤཱ་རི་ཀ་ཏའི་བུ་ཡིན་པས་ཤཱ་རིའི་བུར་བཏགས། མོའུ་གལ་གྱི་བུ་ནི་ཡུལ་ཤིང་རྟ་ཅན་དུ། མིའུ་འགལ་གྱི་རིགས་སུ་སྐྱེས་པས་མིའུ་འགལ་གྱི་བུ་དང་། ལྷ་ལ་གསོལ་བ་བཏབ་ནས་སྐྱེས་པས་པང་ནས་སྐྱེས་ཞེས་བཏགས། དེའི་ཚེ་ཀླུ་རི་བོ་དང་ཡིད་འོང་གིས་དུས་སྟོན་གཏོང་བར་རྒྱལ་པོ་མ་སྐྱེས་དགྲས་བྱོན་པས། རྒྱལ་པོའི་སྟན་དང་། འདུན་ན་འདོན་གྱི་སྟན་དང་། རྒོལ་བའི་སྟན་དང་། མཆོག་ཐོབ་ཀྱི་སྟན་བཞི་བཤམས་པ་ལས། དང་པོར་རྒྱལ་པོ། གཉིས་པར་པང་ནས་སྐྱེས། གསུམ་པ་ལ་ཉེ་རྒྱལ་འཁོད་དེ། བཞི་པ་ལ་དེའི་དབྱུ་གུ་དང་རིལ་བ་བཞག་གོ། དེའི་ཚེ་གླུ་གར་དང་རོལ་མོ་སོགས་རྩེད་འཕྱོ་སྣ་ཚོགས་བྱས་པ་ན། ཉེ་རྒྱལ་གྱིས་སྨྲས་པ། ཤི་པགས་ཤི་བའི་རྒྱུས་པ་དང་༎ འཆི་འགྱུར་བཞད་གད་འཕྱོ་སྒེག་གིས༎ འཆི་བའི་སྐྱེ་བོ་འདུས་པ་ལ༎ མཁས་པ་སུ་ཞིག་ཡིད་རྟོན་བྱེད༎ ཅེས་དང་། པང་ནས་སྐྱེས་ཀྱིས། རྒྱན་རྣམས་ཐམས་ཅད་དེ་ཡིན་ཏེ༎ གར་རྣམས་ཐམས་ཅད་ཐོ་འཚམས་པ༎ ཀླུ་རྣམས་ཐམས་ཅད་རྒྱལ་བ་ཡིན༎ གཟུགས་ཀུན་མི་རྟག་པ་ཡིན་ནོ༎ ཞེས་དང་། ཡང་ཤཱ་རིའི་བུས། ལྗོན་ཤིང་སྟིབ་པར་གྱུར་པའི་ཚེ༎ ཡལ་ག་འདབ་མས་ཅི་ཞིག་བྱ༎ དེ་བཞིན་སྐྱེས་བུ་འཆི་བའི་ཚེ༎ ཡོངས་སུ་གཟུང་བས་ཅི་ཞིག་བྱ༎ ཞེས་སྨྲས་ཏེ་རབ་ཏུ་བྱུང་བར་ཆས་ཏེ། རྫོགས་བྱེད་སོགས་སྟོན་པ་དྲུག་ལ་མ་