R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༢
[A:༣༢] དེ་ཡང་སློབ་དཔོན་བྷ་བྱས་སྡེ་པ་ཐ་དད་པ་དང་། རྣམ་པར་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ལས། སྡེ་པ་བཅོ་བརྒྱད་གྱེས་ཚུལ་ལུགས་གཉིས་མཛད་པའི་གཉིས་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སོ་བདུན་
སྤྱི་ལོའི་སྔོན་གྱི་ལོ་༡༩༩༦
ལོན་པའི་ཚེ་རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོའི་དུས་སུ། བདུད་སྡིག་ཏོ་ཅན་བཟང་པོ་ཞེས་པས་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་སྐྱེད་དེ། གནས་བརྟན་ཀླུ་དང་། ཡིད་བརྟན་ཞེས་པས་གཞི་ལྔས་རྗེས་སུ་བསྔགས་པ་ལ། གནས་བརྟན་པ་དང་ཕལ་ཆེན་པའི་སྡེ་པ་གཉིས་སུ་ཆད་དེ་ལོ་དྲུག་ཅུ་རྩ་གསུམ་འཁྲུག་ལོང་གིས་གནས། དེ་ནས་ལོ་བརྒྱ་ཕྲག་གཉིས་འདས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ་ཞེས་བཤད་པ་ལྟར། འདས་ལོ་ནས་ལོ་བཞི་བརྒྱ་ལོན་
སྤྱི་ལོའི་སྔོན་གྱི་ལོ་༡༧༣༣
པའི་ཚེ་བསྡུ་བ་གསུམ་པ་བྱུང་བ་ཡིན་པས། འོ་ན་རབ་དབྱེ་ལས། ལྷ་ཆེན་གྱི་ཆོས་ལོག་སུན་ཕྱུང་བ་ལ་བསྡུ་བ་གསུམ་པར་བཤད་པ་དང་འདི་ཇི་ལྟར་འགྲིག་སྙམ་ན། མཁས་པ་ཁ་ཅིག། བྷ་བྱས་བཤད་པའི་བདུད་སྡིག་ཏོ་ཅན་བཟང་པོ་དང་། རབ་དབྱེ་ནས་བཤད་པའི་ལྷ་ཆེན་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པ་ཡང་མཁས་པའི་བཤད་པ་ཡིན་མོད། ཁོ་བོ་ལྟར་ན། འདས་ལོ་ནས་ལོ་ཉིས་བརྒྱ་ནས་ཀུན་ཏུ་རྒྱུ་ལྷ་ཆེན་པོ་ཞེས་པ་ཞིག་རབ་ཏུ་བྱུང་སྟེ། དེས་གཞི་ལྔ་རྗེས་སུ་བསྒྲགས་ཤིང་། མཆོད་རྟེན་ཅན་གྱི་རི་ལ་གནས་པས། མཆོད་རྟེན་རི་པ་ཞེས་གྲགས་ཞེས་འབྱུང་བའི་ཀུན་ཏུ་རྒྱུ་ལྷ་ཆེན་པོ་དང་། རབ་དབྱེ་ནས་བཤད་པའི་ལྷ་ཆེན་པོ་གཉིས་གནད་གཅིག་གམ་སྙམ་སྟེ་ད་དུང་དཔྱད་པར་བྱའོ།