R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༤༦
[A:༤༦] སྙམ་སྟེ་ད་དུང་བརྟག་གོ། གང་ལྟར་ཡང་བོད་དུ་བསྟན་པ་སྔ་དར་གྱི་དབུ་བརྙེས་ནས་ད་ལྟའི་བྱི་ལོ་འདིའི་བར་ལ་སྟོང་དང་བརྒྱ་ལྔ་བཅུ་རྩ་བརྒྱད་དོ། དེ་ལྟར་ལྷ་ཐོ་ཐོ་རི་བལྟམས་པ་ནས། གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོ་བལྟམས་པ་ཡན་གྱི་གདུང་རབས་ལྔའི་རིང་ལ་ལོ་ཉིས་བརྒྱ་དང་རེ་དགུ་སོང་འདུག་པས། རྗེ་བཙུན་པས། ཆོས་དབུ་བརྙེས་ནས་རྒྱལ་རབས་ལྔ་ཡི་བར། ལོ་གྲངས་བརྒྱ་དང་ལྔ་བཅུ་ཐལ་ཞེས་ཟེར། ཞེས་ཡི་གེའི་སྐྱོན་ཁོ་ནར་ཟད་དེ། ལྷ་ཐོ་ཐོ་རིས་ཀྱང་ལོ་བརྒྱ་ཉི་ཤུ་བཞུགས་ན། དེ་མན་གྱི་རྒྱལ་རབས་བཞི་བསྡོམས་པས་ལོ་སུམ་ཅུ་ཙམ་ལས་མ་བཞུགས་པར་བསྒྲུབ་མི་ནུས་པའི་ཕྱིར་རོ། གཉིས་པ་སྲོལ་བཏོད་པ་ནི། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་ཡིན་ཏེ། དེ་ཡང་འདས་ལོ་ནས་ལོ་ཉིས་སྟོང་དང་བདུན་བརྒྱ་དང་ཞེ་དགུ་འདས་པའི་ལྔ་བཅུ་པ་མེ་མོ་གླང་
སྤྱི་ལོ་ ༦༡༧
སྲོང་བཙན་སྒམ་པོ་བལྟམས། མེ་གླང་འདི་ནས་ད་བར་ལ་དགུ་བརྒྱ་དང་ཞེ་བརྒྱད་ལོན། མེ་གླང་འདི་གཉའ་ཁྲི་བཙན་པོ་བྱོན་ནས་དགུ་བརྒྱ་སུམ་ཅུ་པ་དང་། སྔ་དར་གྱི་མེ་མོ་ལུག་ནས་ཉིས་བརྒྱ་བཅུ་གཅིག་པ་ཡིན་ནོ།
དེས་ན་འདིས་བསྟན་པའི་སྲོལ་བཏོད་ཚུལ་ལ་གསུམ། རྟེན་བྱོན་པའི་ཚུལ། ལོ་པན་བྱོན་པའི་ཚུལ། ཆོས་ཇི་ལྟར་དར་བའི་ཚུལ་ལོ། དང་པོ་ནི། རྒྱལ་པོ་འདིས་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང་། བཅོ་ལྔ་པ་ལ་སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤཱི་ལས། སིང་ག་གླིང་གི་རྒྱ་མཚོའི་འགྲམ་ནས་ཙནྡན་སྦྲུལ་སྙིང་ལས་རང་བྱོན་གྱི་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་ཞལ་བཅུ་གཅིག་པ་དང་། རྒྱ་བོད་མཚམས་ཀྱི་ནགས་ཁྲོད་ནས་ཙན་དན་ཧ་