[A:༤༧]རིའི་སྡོང་པོ་ལས་རང་བྱོན་མཆེད་བཞི་བྱོན་པའི། ཆེ་བ་ཝ་ཏི་སྐྱིད་གྲོང་མང་ཡུལ་ན་བཞུགས། གཉིས་པ་དབུ་གང་ཡམ་བུ་ཡ་འགལ་ན་བཞུགས། གསུམ་པ་རྫ་(ལྗ) མ་ལི་རྒྱ་བལ་མཚམས་ན་བཞུགས། བཞི་པ་བོད་དུ་རྒྱལ་པོའི་ཐུགས་དམ་ལ་སྤྱན་དྲངས་སོ།
ཁོང་གིས་བཅོ་བརྒྱད་པ་ཤིང་ཕོ་རྟ་ལ། བལ་མོ་བའ་ཁྲི་བཙུན། རྒྱལ་པོ་ཀྲི་ཀྲིའི་ཐུགས་དམ་[རྟེན] བྱམས་པ་ཆོས་འཁོར་མ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ། རང་བྱོན་སྒྲོལ་མ་སྟེ། རྟེན་གསུམ་དང་བཅས་པ་སྤྱན་དྲངས། མི་བསྐྱོད་རྡོ་རྗེ་ཚེ་ལོ་ཉི་ཁྲི་པའི་དུས། མ་འོངས་ཤཱཀྱ་ཐུབ་པ་ལོ་བརྒྱད་པའི་སྐུ་ཚད་དུ། རྒྱལ་པོ་ཀྲི་ཀྲིས་བཞེངས། རབ་གནས་སངས་རྒྱས་འོད་སྲུང་གིས་མཛད་ཟེར། ད་ལྟ་ར་མོ་ཆེ་ན་བཞུགས་སོ།
ཁོང་གི་ཉི་ཤུ་པ་མེ་ཕོ་སྤྲེལ་ལོར་རྒྱ་མོ་ཀོང་ཇོ་ཇོ་བོ་ཤཱཀྱ་མུ་ནེ་དང་བཅས་པ་སྤྱན་དྲངས།
ཉེར་གསུམ་པ་ས་མོ་ཕག་ལོ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ཡིན་ཏེ། དེ་ཡང་དེའི་སྔ་ལོ་ཁྱིའི་ལོ་ལ་འོ་ཐང་གི་མཚོ་བསུབས། ཕག་ལོ་འགྲམ་ལ་ཞག་དྲུག་ཞིང་བཟོ་ལ་ཞག་བཞི། ཐོག་ལ་ཞག་གཉིས་ཏེ་ཞག་བཅུ་གཉིས་ཀྱི་ཁོངས་སུ་ལྷ་སའི་འོག་ཐོག་རྒྱལ་པོའི་སྤྲུལ་པའི་བཟོ་བོས་བཞེངས། སྟེང་ཐོག་བལ་བཟོ་བས་ཟླ་བ་བཅུ་གཉིས་ལ་ཚར། དེ་དང་དུས་མཚུངས་སུ་རྒྱ་མོས་ར་མོ་ཆེ་དང་། རྒྱལ་པོས་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་སོགས་བསམ་གྱིས་མི་ཁྱབ་པ་བཞེངས་སོ།
དུས་གསལ་ལས། རྒྱལ་པོའི་ཉེར་ལྔ་པ་ལྕགས་མོ་གླང་ལ་ཇོ་བོ་ཤཱཀྱ་མུ་ནེ་བྱོན་གསུང་བ་འདུག། ར་མོ་ཆེ་ནས་འཕྲུལ་སྣང་དུ་བྱོན་པ་ལྟ་བུ་ཞིག་ལགས་