[A:༥༥ན-༢༩༩] ༄༅། །སྐུ་མཆེད་དྲུང་དཔལ་ལ་བ། གཞན་དགོན་ཤར་ནུབ་སོགས་བྱང་ཁྲི་ཞབས་སུ་གཏོགས་པའི་རྙིང་མའི་སྔགས་འཆང་མཐའ་དག་ལ། ཟབ་མོ་བདུད་ཀྱི་གཅོད་ཡུལ་ལས་ནམ་མཁའ་སྒོ་འབྱེད། བྲུལ་ཤུལ།ཚོད་དྲུག་པ། བཀའ་ཚོམས། ཡང་ཚོམས། ལེ་ལག་བརྒྱད་མ། ཤོག་དྲིལ་བདུན་མ། དམིགས་འབུམ་ཆེན་མོ་སོགས་དང། མོ་གཅོད་གཏེར་མ། ཟབ་དོན་ཐུགས་སྙིང། སྐྱེ་མེད་དམ་པའི་ཆོས་སྐོར་སོགས་མ་ཚང་བ་མེད་པར་གནང། དེ་གོང་ངམ་རིངས་སྐོར་ལ་གཅོད་ཡུལ་གྱི་གདམས་པ་ཆེར་དར་བ་མེད་ནའང་ཕྱིས་ལྷག་པར་དར་བ་མངོན་སུམ་པའི་སྤྱོད་ཡུལ་དུ་གྱུར། དུས་དེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྲས་བསྟན་འཛིན་ཉི་མ་བཟང་པོ་དཔོན་སློབ་བརྒྱད་བྱིན་ཕྱིན་གདུལ་བྱ་ལ་ཕེབས། རྗེ་དེ་ཉིད་ཀྱི་ཐུགས་དམ་གཙོ་བོ་སེང་ལྡང་ནགས་སྒྲོལ་ལ་མཛད་པ་ཡིན་འདུག་པས། དཔལ་ལྡན་བླ་མའི་དྲུང་དུ་སྒྲོལ་མ་ལྗང་ཁུའི་རྗེས་གནང། ཡིག་སྣའི་ལུང་དང་བཅས་པ་ཞུས། དེ་ནས་ཅུང་ཆོས་སྡིངས་ནས་གནས་སྙིང་གི་གདན་པར་ཞལ་ལྔ་ནས་ཀུན་རྒྱལ་མ་ཐེགས་པའི། བྱང་རྒྱལ་སོར་ཕྱག་འབུལ་ལ་ཕེབས་པའི་ཚེ། རྗེ་ཉིད་དང་མཇལ་ཏེ། དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་སྣང་དང། ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་དུ་གསན་པ་སོགས་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར། སླར་ཡང་ཚོགས་པ་ལ། རིིན་པོ་ཆེ་རབ་འབྱོར་བའི་ཞལ་ཏའི་ཐོག་ཏུ་སྒྲུབ་པ་གནང་བའི་ཀ་གཏོར་བ་ཆ། བཞུ་བཟངས་སོགས་ལོ་འབུན་ཟུག་ཐུག་པའི་