[A:༥༧བ-༣༠༤] བསྟོད། །རིན་ཆེན་རྒྱན་དང་དར་དམར་ཅོད་པན་སྒེག།།རབ་བརྗིད་གསོ་རྨོག་གསེ་ཁྲབ་གྱོན་པས་དཔའ། །སྤྱན་ཟླུམ་མཆེ་གཙིགས་ཁྲོ་གཉེར་མི་སྡུག་པ། །གཤིན་རྗེ་ཁྲོས་པའི་གཟུགས་ཅན་སྐུ་ལ་བསྟོད། །རྒྱལ་བའི་བསྟན་པ་བསྲུང་ལ་དགྱེས་པས་བཞད། །སྲིད་གསུམ་གཡོ་བར་ནུས་པའི་དྲག་ཤུལ་ཅན།། བདུད་ཀྱི་གླད་འགེམས་འཇིགས་སུ་རུང་བའི་སྒྲས། །བསྟན་པའི་དགྲ་བོ་འཇོམས་མཛད་གསུང་ལ་བསྟོད། །སྡུག་འཕོངས་འགྲོ་ལ་བུ་ཅིག་ལྟ་བུར་བརྩེ། །དབུལ་བའི་འཇིགས་པ་འཕྲོག་ལ་ཤིན་ཏུ་རྔམ། །སྤྲོས་ཀུན་ཉེ་བར་ཞི་བའི་ཆོས་ཉིད་ལས། །ནམ་ཡང་གཡོ་བ་མི་མངའི་ཐུགས་ལ་བསྟོད། །བསྟན་བསྲུངས་རྒྱལ་ཆེན་འཁོར་དང་བཅས་པ་ལ། །མཆོད་གཏོར་ཕྱི་ནང་གསང་བའི་བརྟེན་རྟེན་གསུམ་དང། །སྤྱན་གཟིགས་མཆོད་པའི་སྤྲིན་ཕུང་དཔག་མེད་རྣམས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་དབུལ་བར་བགྱི། །བཞེས་ཤིང་བླ་མ་བརྒྱུད་པར་བཅས་རྣམས་ཀྱིས། །བཀའ་སྡོད་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །བསྟན་བསྲུངས་དགེ་འདུན་འདུས་པའི་སྡེ་སྐྱོངས་ཤིག།།རྣལ་འབྱོར་རེ་བའི་འབྲས་བུ་མཆིས་པར་མཛོད། །བསྐུལ་ལོ་བསྐུལ་ལོ་སྔོན་གྱི་ཐུགས་དམ་བསྐུལ། །སྲུངས་ཤིག་སྲུངས་ཤིག་སངས་རྒྱས་བསྟན་པ་བསྲུངས་སྲུངས། །སྐྱོངས་ཤིག་སྐྱོངས་ཤིག་བསྟན་འཛིན་བུ་བཞིན་སྐྱོངས། །བསྒྲུབས་ཤིག་བསྒྲུབས་ཤིག་རྣལ་འབྱོར་བསམ་པ་བསྒྲུབས། །ཞི་བར་མཛོད་ཅིག་