R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦ན-༢༠༡
[A:༦ན-༢༠༡] ༄༅། །ལ་མཛད་བཞིན་མཐོངས་དོད་པ་གསལ་བར་དིང་སང་གི་བར་དུ་ཡོད་པའི་གནས་དེར་ཡབ་ཡུམ་སྲས་དང་བཅས་པ་གྲུབ་པ་བརྙེས་ཏེ། སྲས་ལ་དབོན་སྲས་ཐུགས་རྗེ་ཆེན་པོ་དང། ཡུམ་ལའང་ཞིག་མོ་འབུམ་སྐྱིད་ཅེས་བྱ་བར་གྲགས། དེའི་ཚེ་ཉ་བས་ཉ་ཕུལ་བ་སྦུབས་རིལ་མཇིང་པ་ནས་བཟུང། ནུབ་ཀྱིས་དྲངས་པས་ཤ་རྣམས་གསོལ་ཞིང། རུས་པ་མགོ་མཇུག་མ་ཉམས་པར་བྱུང་བ། སླར་མཚོར་སྐྱེལ་བཏང་བས་ཉ་རུ་འགྱུར་བ་སོགས་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་བསྟན། དེ་ནས་ཡོན་པོ་དོ་ལ་སོགས་པའི་གནས་རྣམས་སུ་བཞུགས་པ་ཏེ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་སྨོས་ཅི་དགོས། ཐ་ན་ཉ་དང་གཅན་ཟན་ལ་སོགས་པ་དུད་འགྲོའི་རིགས་དུ་མ་ལའང་སྒོམ་བཏབ་པས་ཐེབས་པ་སོགས་སྨིན་གྲོལ་གྱི་མཛད་པ་དཔག་པར་དཀའ་བ་དུ་མས་འགྲོ་བ་ཀུན་གྱི་སྐྱབས་དམ་པར་གྱུར་ཅིང་། ཕྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པཧོར་རྒྱལ་པོས་སྤྱན་དྲངས་པའི་དུས་སྐུ་རིམ་བསྲུང་འཁོར་བའི་རྣམ་པར་ཐེགས། རྒྱལ་པོའི་ལུང་གིས། ཉི་མ་ནུབ་ཀྱི་སྔགས་པ་མཐུ་ཅན་རྣམས་ཀྱི་དཔོན་དུ་བསྐོས་པའི་འཇའ་ས་མེ་སེར་དང། གཞིས་ཁ་རིན་སྤུངས་པའི་སྐུ་རིམ་ལ་བཞུགས་པའི་ཡབ་ཆེན་རྣམས་ཀྱི་ཕྱག་ནའང་འདུག་པ་བཞིན། སིལ་མ་མེ་སེརའབྲོག་འཕྲང་ཁབྱང་ཐང་གསེར་སྡིངས་སོགས་དགོན་གནས་མང་