[A:༦༤ན-༣༡༧] ༄༅། །མང་བ་དང། པཎ་ཆེན་ཤཱཀྱ་ཤྲཱིའི་སྐྱིད་སྡུག་ལམ་འཁྱེར། སུམ་པ་ལོ་ཙ་བའི་བློ་སྦྱོང་སོགས་གསུང་ཆོས་མཐའ་ཡས་པ་སྩལ། ཐེགས་པ་ཙམ་པ་ན་མི་དབང་པོ་ཁུ་དབོན་ཀྱང་དཔོན་སློབ་འཕགས་པའི་གནས་བརྟན་འཇིག་རྟེན་དུ་ཕེབས་པ་འདི་ལྟ་བུ་ལ། ད་དུང་ཟླ་བ་གཅིག་ཙམ་གྱི་བསྙེན་བཀུར་ཞུ་མི་ཐུབ་པར་ཐེགས་པ་འདི་མི་ལེགས་པ་འདུག་རུང། གཞིས་ཁ་བ་འདི་ཁོ་རང་གི་བཏབ་སྐབས་་སུ་མ་བཏང་ན་མི་ཡོང་བ་ཅིག་དང། གནས་སྐབས་སུ་དཔོན་སློབ་རྣམས་ལའང་ཞབས་ཏོག་སུ་འགྱུར་ངེས་སུ་འདུག་པ། དེ་ཀ་བཞིན་མི་བགྱིད་ཁ་མེད་ཡིན་པས། དཔོན་སློབ་དྲུང་ཐེགས་གྲབས་ཀྱི་འཁོས་གལ་ཆེ་བར་འདུག་ཕེབས། རྗེའི་ཞལ་སློབ་གནས་རྙིང་མཁན་པོ་ནས་ཀྱང་གསོལ་ཇ་འབུལ་བ་སོགས་ཡང་དག་པ་གནང། རྒྱང་རྩེ་རང་ནས་དགེ་འདུན་སྤྱིར་དངུལ་གྱི་མཎྜལ་ལེགས་པ་འཇོག་རྒྱན་དང་བཅས་པ། དངུལ་ཏིང་བདུན་ཚར། ཞབས་དྲུང་དུ་འབུལ་ནོད་དཔངས་མཐོ་བ། སི་ཏུ་སོགས་འཕགས་པའི་དགོངས་རྫོགས་སྐུ་སྐལ་བསྔོ་ཞུས་འགྱེད་ལྟོས་ཆེ་བ་སོགས་གནང་རིམ་པས་ཧོར་ཟླ་དགུ་པའི་ཚེས་གཅིག་ལ་བཏེག། མཁར་ཁའི་ཉེ་འདབས་ཕྱིན། བདག་ཆེན་རྒྱལ་བུ་དཔོན་གཡོག་གིས། ཆེབས་ཧྲགས་སོགས་ཕྱེད་ཇའི་བར་ཕེབས། ཚོགས་པའི་སྒྲོས་ཆོས་ཁྲིམས་