[A:༦༥ན-༣༡༩] ༄༅། །པའི་སྔར་སྲོལ་ཡིནའང། མྱུར་སྟབས་ཕེབས་དགོས་པའི་བསྐྱར་ནན་གྱིས་ཞག་བདུན་བཞུགས། དེ་ནས་རིམ་པས་བྱང་ཐང་དུ་ཞག་པ་གནང་ངོ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དཔོན་སློབ་གྱིས་ཆུ་བོ་རིའི་ལྕགས་ཟམ་ཁར། ཆིབས་ཧྲགས་བཟབས་པ་དང་བཅས་བསུ་བ་གནང། ག།། ས་ཁང་གསེར་ཁ་དུ་ཕྱེད་ཇ་གནང། དེར་མཆོད་ཡོན་བཀའ་གྲོས་བསྟུན། ཚོགས་པ་དཔོན་སློབ་ཆུ་ཤུལ་སྤེལ་དཀར་དུ་ཕེབས། དཔོན་བློན་དྲུང་དཀར་གྲོང་ལ་ཐེགས། ལོ་དེའི་དགུན་ཆོས་ཆུ་ཤུལ་དུ་བཀའ་བཀོད་ནས། ཡུན་མི་རིང་བར་མི་དབང་ཆེན་པོ་ཕེབས། མཆོད་ཡིན་ལྷན་བཞུགས་ངོས། ལྷུན་པོ་རྩེར་མཇལ་འཛོམས་གནང་བ་ལན་འགའ་བཞུགས་དུས། རབ་གསལ་ཆེན་མོར་མཆོད་ཡིན་བཞུགས་གདན་ལ་ཕེབས་པ་ཅིག་གི་ཚེ། འཕྱིང་རུ་ཕུ་ལ་ཆར་ཆེན་པོ་ཞིག་བབ་དུས། མིའི་དབང་པོས་སྐུ་རྩེད་གྱི་ཚུལ་དུ། སྐུ་མདུན་ཉིད་གོང་དཀར་བ་ལ་ཐུགས་ཞེན་ཆེ་བས་འཕྱིང་རུ་ཕུ་ལ་ཆར་པ་བབ་བྱུང་ཞེས་ཞུས་པས། རྗེ་ཉིད་གྱིས་ནམ་མཁའ་འདིས་སྤྱིར་ཉེ་རིང་མི་ཤེས་ཤིང། ཁྱད་པར་གོང་དཀར་བ་ལ་སྙིང་རྗེ་ལ་བསམས་པ་ཡིན་པ་འདྲ་ཞུས་པས་བཞད་དིར་བའི་ངང་ལ་སོང། རྗེས་སུ་ངེད་རང་གི་ཚིག་ཟོམ་བུ་དེ་ལ། མིའི་དབང་པོ་མ་དགྱེས་པ་རང་མ་བྱུང་བ་འདྲ་གསུང། དེ་དུས་རྗེ་དྲུང་གི་བཀའ་ལས། རིན་པོ་ཆེ་ཡོན་རྒྱམ་པ་དང། མཁན་ཆེན་