[A:༧ན-༢༠༣] ༄༅། །ཡང་དཀར་ཕྱོགས་མི་ཉན་པ་མི་ཡོང། ཤིན་ཏུ་བཏུབ་གསུང་བ་བཞིན་བསྒྲུབས་པ་ན། མི་དགེ་བའི་འབྲས་བུ་མི་བསྐྱེད་པར་བདེ་འབྲས་འབའ་ཞིག་སྨིན་པ་དང། གཤིན་ལས་ལ་སོགས་པའི་འདུ་འཚོག་དགོས་པའི་ཕྱོགས་དོགས་པ་ལའང་། ངའི་ལོ་ཐོག་ཏུ་བཏང་བས་ཆོག་གསུང་བ་བཞིན། བདག་ཉིད་ཆེན་པོའི་དགུང་ལོའི་ཐོག་ཏུ་བཏང་བས་ཉེས་པ་མི་ཡོང་ཞིང། ངན་ལོང་ལ་སོགས་པ་འཆི་བས་ཉམས་ཐག་སྟེ་ཚེ་འཕོ་བའི་གནས་མེད་པ་རྣམས་ལའང་བདག་གི་མདུན་སར་གནས་པས་ཆོག་གསུང་དབུགས་ཕྱུང་སྟེ་མགོན་སྐྱབས་དཔུང་གཉེན་སྒོ་དུ་མ་ནས་ཕན་པ་སྩོལ་ཞིང་། མདོར་ན་བདེ་སྡུག་ལེགས་ཉེས་འབྱོར་རྒྱུད་སོགས་རོ་མཉམ་པར་ཞིག་གོ།
Motherཡུམ་ནི་མཁའ་ལ་སྤྱོད་པའི་རྣལ་འབྱོར་མ་ལོ་གསར་སྐྱིད་ཅེས་བྱ་བ་ཡིན་ལ། ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་མནལ་ལམ་དུ། ཉི་མ་དང་ཟླ་བ་མཆན་ཁུང་གཡས་གཡོན་ཏུ་བཅུག་སྟེ་དགའ་ལྡན་གྱི་གནས་སུ་ཕྱིན་པས། ཐུགས་ཀར་དུང་དཀར་པོ་ཐིམ་པའི་མཚན་ལྟས་ཁྱད་པར་ཅན་བྱུང་བ་དེ་ཉིད་ནས་དུས་རྟག་ཏུ་འོད་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་འཁོར་མར་སྐྱེ་བ་ཞིག་བྱུང་བས། ཡབ་ལ་ཞུས་པས་དེ་ལྟ་བུའི་མཚན་ལ་ཁྱོད་ཀྱི་ལུས་འདི་ལ་སྤྲུལ་བའི་སྐུ་ཅིག་ཞུགས་པའི་ལྟས་སུ་འདུག་པས། བར་ཆད་མེད་པ་སྐུ་བདེ་བར་བཙའ་བའི་ཆེེད་དུ་འཕགས་པ་གསེར་འོད་དམ་པ་ལ་ཁ་