[A:༩༡ན-༣༧༡] ༄༅། །བུའི་དམ ཚིག་ཡིད་བཞིན་ནོར་བུའི་བར་ཚང་མ། སྟེང་སྒོ་རྣམ་པར་གྲོལ་བའི་ཁྲིད་ཞང་ལོ་ཙ་བས་མཛད་པ། འཁྲུལ་འཁོར་ལག་ལེན་གསལ་བའི་མེ་ལོང་མར་པས་མཛད་པ། བྱ་སྤྱོད་ཚོགས་སུ་བསྒྱུར་བ། གདམས་པ་སྤྱིའི་དགེགས་སེལ། ཞལ་གདམས་ནོར་བུའི་ཕྲེང་བཀོད། ནག་པོ་ཆེན་པོའི་སྒྲུབ་ཐབས། ཐུགས་དམ་བསྐུལ་ཞིང་སྤྱན་དྲང་བ། སྙིང་གི་འཁོར་ལོ་ལ་བརྟེན་ནས་དགྲ་བསད་པ། ཏེ་ལོ་པའི་གཏད་རྒྱ། ལུས་མེད་མཁའ་འགྲོའི་དབང་གི་ཕྱག་ལེན། ཚོགས་འཁོར་ཁོག་ཡུག་བྱུང་ཚུལ། སྙན་བརྒྱུད་ཡིག་ཆུང། སྙན་བརྒྱུད་དཀར་ཆག་ཞང་ལོ་ཙཱ་བས་མཛད་པ་སོགས་ཡོངས་སུ་རྫོགས་པར་གནང། གཞན་ཡང་སངས་རྒྱས་ཐོད་པའི་རྒྱུད་ནས་འབྱུང་བའི་ཐུབ་པ་སྤྲུལ་སྐུ་ཡུམ་ཅན་གྱི་དབང་བྲམ་ཟེ་སྒྲ་ཅན་ཟིན་གྱི་རྒྱ་གཞུང་དང་བཅས་པ། བདེ་མཆོག་དཀར་པོ་ཡབ་ཡུམ་གོ་ཟློག་གི་དབང་པ་ར་ཧའི་རྒྱ་གཞུང་གི་ལུང་ནང་བཅས་པ། བདེ་མཆོག་དཀར་པོ་ལྷན་སྐྱེས་ཀྱི་ཁྲིད་རྣམས་དང་། མཁའ་འགྲོ་རྒྱ་མཚོའི་དབང། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དབང། བསྲུང་བ་ལྔའི་དབང། གཅོད་ཡུལ་གཏེར་མའི་ལུང། རྗེ་མར་པའི་ཤོག་དྲིལ་བཞིའི་གདམས་པ་དཀར་ཆག་ནས་ཇི་ལྟར་འབྱུང་བ་བཞིན་གནང། དུས་དེར་