[A:༡༠བ-༢༡༠] པའི་ཚེ། བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུར་འགྱུར་བར་ལུང་བསྟན། ཕྱག་ན་རྡོ་རྗེ་འགྲོ་བཟང་ཆོས་སྐྱོང་གིས་ཆེ་བ་དང། ཕྲིན་ལས་བསྒྲུབ་པའི་ཆོས་སྐྱོང་རྣམ་ཐོས་སྲས་ཞི་བའི་རྗེས་སྣང་ཀྱང་སྩལ་ཏེ། བྲན་བཞིན་དུ་བཀའ་སྡོད་ཅིང་ཕྲིན་ལས་སྒྲུབ། གཞན་ཡང་རྗེ་འདིའི་དྲུང་དུ་ཚེ་དང་གེད་གྲུབ་རྒྱལ་བ་ལྷ་བཅུ་བཞིའི་དབང་། སྨན་བླ་སྤྲུལ་སྐུའི་རྗེས་གནང། མཁན་པོ་བོ་དྷི་སཏྭའི་སྨན་མཆོག་འབྲིང་པོའི་ལུང་དང་བཅས་པ། གཙུག་ཏོར་རྣམ་རྒྱལ། ཡུམ་ཆེན་མོ། སྒྲོལ་དཀར་ཚེ་སྒྲུབ་གཙོ་བོར་བྱས་པ། ཀུ་རུ་ཀུ་ལླེ་དབང་བསྡུད་གཙོ་བོར་བྱས་པ། སེང་ལྡང་ལྡིང་ནགས་སྒྲོལ། ལོ་མ་གྱོན་མ་སེར་ནག་དམར་གསུམ། རྟ་མགྲིན་ལྕགས་རལ་ཅན། གུ་རུ་དྲག་དམར། རྣམ་འཇོམས་མཐིང་ནག་ཙནྟྲ་གོ་མིའི་རྒྱ་གཞུང་ལ་བརྟེན་པ། ཁྲོ་བོ་རྨེ་བརྩེགས་སོགས་དབང་རྗེས་སྣང་དཔག་ཏུ་མེད་པ་དང། མཚན་ཡང་དག་པར་བརྗོད་པ་སོགས་མདོ་ཕྲན་ཆོས་སྤྱོད་མཐའ་ཡས་པའི་ལུང་གསན།