R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༡ན-༢༡༡
[A:༡༡ན-༢༡༡] ༄༅། །གཙོ་བོར་སྟོན་པའི་འབྲུ་གནོན་རགས་པ་རེ་མཛད་བྱུང་བས། ཕྱིས་སུ་འདུལ་བ་གཞན་དུ་ཆེར་མ་བསླབ་ཀྱང་ཕལ་ཆེར་གོ། གཞན་ཡང་འགྲེལ་བ་དོན་གསལ་གྱི་གཞུང་གཟུང་སྟེ། བསྡུས་སྦྱོར་སོགས་རྩིས་པས། དགེ་བཤེས་སྒྲེས་པ་རྣམས་ཀྱི་རྩོད་པ་ཕྱོགས་མཐོང་ཙམ་ཕེར་བ་ཡོད་གསུང།
དགུང་ལོ་བཅོ་ལྔ་བཞེས་པ་ཤིང་མོ་བྱ་ལོམཁན་ཆེན་རིན་པོ་ཆེགདན་སར་བཞུགས་ཐོག་ཚོགས་པབྱང་ལ་ཐེགས། དེ་དུསཚོགས་ཀྱི་གཞོན་ལས་ཐབ་དཔོན་གྱི་རེེས་བབ་པ། སྐུ་ན་ཕྲ་བས་སྟོབས་ཆེར་མེད་རུང་ཐུགས་བསམས་རྣམ་པར་དག་པའི་སྒོ་ནས་དགེ་འདུན་གྱི་ཞབས་ཏོག་དཔྱིས་ཕྱིན་པར་མཛད་པས་སྐུ་སྡིག་དག་པའི་རྟགས་ཀྱང་ལེགས་པོ་བྱུང་གསུང། དེ་ནས་ཚོགས་པ་སྤྱིའི་བཅའ་བ་ལ་གཞོན་ལས་ཐོན་པའི་རྗེས་ཐོགས་སུ། དགེ་འདུན་གྱི་ཞབས་ཏོག་རྣམ་པར་དག་མ་དག་གི་ཉེས་ལྟུང་གིས་གོས་པ་རྣམས་སྦྱོང་བའི་ཆེད་ཁོ་ནར་དམིགས་པའི་སྨྱུག་གནས་དཀར་ཕྱོགས་རེ་གཏོང་བའི་ཕྱག་ལེན་ཡོད་པ་བཞིན་མཛད། ཕྱིས་ཀྱང་ཁེ་ཆེ་ལ་ཉེན་ཆུང་བའི་ཆོས་ཡིན་ཞེས་བསྔགས་པ་ཆེར་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་བཞེས་པ་ཤིང་ཕོ་བྱི་བ་ལོམཆུའི་ཟླ་བ། རྒྱལ་བས་ཆུ་འཕྲུལ་ཆེན་པོར་བསྟན་པའི་དུས། དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོའི་སྔ་དྲོའི་ཆ་གྲིབ་ཚོད་སྐྱེས་བུ་གསུམ་ལ་བབ་པའི་ཚེགཡས་རུ་བྱངརང་ལྡན་རིན་ཆེན་སྡིངས་