[A:༡༢ན-༢༡༣] ༄༅། ། གཟུང་སྟེ།
རྒྱུག་རེ་བཞིན་དུ་འབྲུ་གནོན་རགས་པ་རེ།
།སྣང་བས་གོ་ཡུལ་ཕྲ་མོ་རྒྱུད་ལ་སྐྱེས།
།སྐལ་བ་དམན་པས་ཇི་བཞིན་ལག་མ་ཁེལ།
།གཞན་ཡང་ཕར་ཕྱིན་གཞུང་གཟུང་བསྡུས་སྦྱོར་སོགས།
།མཚན་ཉིད་རིག་པ་ཕྱོགས་ཙམ་མཐོང་བར་བྱས།
།ཕལ་ཆེར་དགེ་འདུན་སྤྱི་ཡི་གཞོན་ལས་སོགས།
།དབང་གིས་ཐོས་བསམ་བྱ་བ་གཡེལ་བར་གྱུར།
།བཅོ་བརྒྱད་ལོན་པའི་ས་ཕོ་བྱི་བ་ལ།
།སྔར་གྱི་མཁན་པོ་ལས་སློབ་གསང་སྟོན་དང།
།དགེ་འདུན་བཅས་ལ་བསྙེན་པར་རྫོགས་པ་ཞུས།
apparently from Chos grub seng ge's lost autobiography
།ཤེསཞེས་འབྱུང་ངོ།།
གསུམ་པ་ལུང་དང་རིག་པའི་བསྟན་བཅོས་ལ་འཇིགས་པ་མེད་པའི་ཡོངས་འཛིན་བསྟེན་ཏེ་ཐོས་བསམ་མཛད་པའི་ཚུལ་ནི། རྒྱུ་བཞིས་མདོ་སྔགས་ཀྱི་གསན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་ཅིག་གནང་བར་བཞེད་དེ། དེ་ཡང་རྒྱུ་བཞི་ནི། ཐོག་མར་ཆོགས་གྲྭར་ཞུགས་ཙམ་སོང་དུས། རྗེ་སྐུ་གཞོན་པས། རྒན་པ་ཞིག་གི་ཞེ་བརྡུངས་ཀྱི་རྣམ་པ་བྱས་པ་ལ། རྗེ་ཉིད་ལ་ཐུགས་ཁྲོ་བའི་རྣམ་པ་ཅུང་ཅད་ཀྱང་མ་བྱུང་རུང། སློབ་དཔོན་ཆོས་གྲུབ་དཔལ་བཟངས་པས། "ངའི་བཙུན་ཆུང་འདི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ་གཉག་ཕུ་ཐམས་ཅད་མཁྱེན་པ་འདྲ་ཞིག་རེ་བ་ལ། ཁྱོད་འདྲ་བས་ལག་འཇོག་བྱེད་བ་"གསུང། སླར་དེ་ཉིད་ལ་ལྡང་མི་ཤེས་པ་ལྟ་བུའི་