R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༧བ-༥༠༤
[A:༡༥༧བ-༥༠༤] ལྷག་མེད་དུ་བཞེངས། དེ་ནས་གསོལ་ཇ་སྦྱོར་གསུམ་གྱི་བར་དུ་བཞུགས་ཏེ། སླར་ཐེགས་ཁར་དེ་རིང་ཞལ་ངོ་རྣམས་རྣམ་རྒྱལ་ལ་ཐེགས་བཞུད་འཆར་རྒྱུ་ནས། ཚེས་བཅུ་བདུན་ལ་ཕྱིར་ཕེབས་པ་འདུག་ལགས་ཤིང། དེ་ནས་ཞབས་དྲུང་དུ་མི་འགྱངས་པར་སླེབ་ལུགས་བྱེད་པ་ལགས་པས་དེ་བར་སྐུའི་འཚོ་བ་རབ་ཏུ་བརྟན་པའི་འཚོ་ཞིང་གཞེས་པ་དང། བདག་ཅག་རྣམས་ཀྱང་ཐུགས་རྗེའི་ཁོངས་ལས་མི་འདའ་བར་གསོལ་བ་འདེེབས་པ་ལགས་ཞུས་པའི་ཚེ། ད་སྡེ་པ་རིན་པོ་ཆེ་དང་ངེད་མཇལ་ཐུབ་པ་ཞིག་མི་ཡོང་བ་འདུག། འོན་ཀྱང་རྟེན་འབྲེལ་གྱི་སྒོ་ཡིན་པས་ཁྱོད་ཡུམ་སྲས་རྣམས་ལུང་ནང་འདིར་ལ་ཕེབས་རིན་ངེད་ཀྱིས་སྡོད་པ་དེ་ཤིན་ཏུ་བྱེད་པ་ཡིན། ལར་ངེད་ཀྱིས་སྔ་སོར་ཞུས་པ་རྣམས་ཀྱང་ཐུགས་ཀྱི་ཡུལ་དུ་འཇོག་པ་ཅིག་ཅེས་ཀྱང་གལ་ཆེ་བ་ཡིན་ནོ་གསུང། དེ་ནས་མི་དབང་ཆེན་པོ་དཔོན་གཡོག་ཀྱང་ཐེགས། རྗེ་ཉིད་ཀྱང་དཔོན་གཡོག་ཐེགས་པའི་སྐྱེལ་བ་ལྟ་བུའི་ཚུལ་དུ་ནུབ་ཀྱི་གཟིམས་ཆུང་དུ་ཕེབས་ཏེ་བཞུགས་པའི་ཕྱག་ཕྱིར་དཀའ་བཅུ་པ་ཚུལ་རབ་པ་དང་བདག་ཅག་གཉིས་ཡོད་པ་ལས། བདག་ཅག་གིས་འདི་སྐད་ཅེས་ཞུས་སོ། ཙ་སྡེ་རྗེ་ཉིད་ཞིང་འདིའི་གདུལ་བྱར་གྱུར་པ་་རྣམས་ལ་གཟིམས་པ་གཏོང་ན། སླར་ཉིད་ཞིང་གང་དུ་གཤེགས། སྔར་ནི་ཁོ་བོ་འདི་ནས་ཕྱི་མ་རང་དབང་དུ་