R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༥༩བ-༥༠༨
[A:༡༥༩བ-༥༠༨] མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་པའམདབང་གིས་སྐྱེས་བུ་ཟས་ཟ་བའི་ཡུན་ཙམ་ཞིག་ལས་རླུང་གི་རྒྱུ་ལ་བཀག་ཏེ་མི་གཡོ་བར་བཞུགས་པ་ལས། བདག་ཅན་རྣམས་ནི། འགྲོ་བའི་སྐྱབས་གཅིག་པུ་ཉིད་ཞིང་འདིའི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་བཏང་པར་གྱུར་ཏོ་སྙམ་ཞིང་ཧ་ལས་པས་མིག་མི་འགྱུར་བར་གནས་ཤིང་། སླར་ སྙིང་སྟོབས་དྲག་པོས་བསམ་པ་ལེགས་པར་བསྐྱེད་དེ། ད་ནི་གདུང་རིན་པོ་ཆེ་ལ་དྲི་བཟང་པོ་ལ་སོགས་པའི་མཆོད་པ་འབུལ་བར་འོས་སོ་སྙམ་པས་ཙན་དན་དང་ག་བུར་ལ་སོགས་པའི་དྲི་བཟང་པོ་རྣམས་ཆབ་གཙང་མ་མ་སྦྱར་ཏེ་ཀ་ཤི་ཀའི་རས་ལ་སྦགས་ནས་གདུང་ལ་འབུལ་བར་བརྩམས་པ་ན། རྗེ་ཉིད་རྒྱན་ལྟ་སྟངས་ཀྱིས་སྐད་ཅིག་ལ་ཧྲིག་ཧྲིག་གཟིགས་ནས་སེ་གོལ་གྱི་སྒྲ་དང་བཅས་ཏེ། ཁྱེད་རྣམས་ཀྱིས་ད་ལྟ་བྱས་པ་དེ་རྣམས་བདེན་པར་ཨེ་གྲུབ། ཁྱེད་རང་རྣམས་འདི་ལྟར་དུ་སེམས་ལ་ཞོག་ཅིག་ཅེས། རྒྱལ་བ་རྣམས་ཀྱི་སྤྲུལ་བའི་སྐུ། །སངས་རྒྱས་སྤྲུལ་པའི་ཐབས་ཆེན་པོ། །རྣམ་པ་སྣ་ཚོགས་སྟོན་པ་ནི། །སྐུའི་སྤྲུལ་པ་བསམ་མི་ཁྱབ། །དོན་ལ་སྐུ་གསུམ་དབྱེར་མེད་ཡིན། །ཅེས་པ་དང། གསུང་རབ་རྒྱ་མཚོ་ལྟ་བུའི་ཚིག་མ་ཤེས་