R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༢བ-༥༡༤
[A:༡༦༢བ-༥༡༤] དུ་ཞུགས་སོ། །རྒྱལ་བའི་ལྷུ་གུ་དེ་དག་ཀྱང་རིམ་གྱིས་སྐུ་སྒྲིབ་པ་རྣམ་སེལ་གྱི་འོད་གསལ་དུ་ཐིམ་པར་གྱུར་ཏོ། །སྒྲིབ་པ་རྣམ་པར་སེལ་བ་ཡང་ས་ཁམས་ཤེས་རབ་སྤྱན་མ་ཤེས་རབ་མ་དང་བཅས་པའི་འོད་གསལ་དུ་ཞུགས་སོ། །དེ་ཡུམ་དང་བཅས་པ་ཡང་ཆུ་ཁམས་མ་མ་ཀི་ཐབས་ཤེས་ཀྱི་འོད་གསལ་དུ་ཞུགས་སོ། །དེ་རིག་མ་དང་བཅས་པ་ཡང་མེ་གོས་དཀར་མོ་དང་ལྷན་ཅིག་པའི་འོད་གསལ་དུ་ཞུགས་སོ། །དེ་ཐབས་ཤེས་གཉིས་ཀྱང་རྗེ་བཙུན་སྒྲོལ་མ་རང་གི་བདག་པོ་དང་བཅས་པ་འོད་གསལ་དུ་ཞུགས་སོ། །དེ་དགའ་མ་དང་ལྷན་ཅིག་པ་ཡན་ལག་དང་བཅས་པས་རྣམ་ཤེས་སྣང་བ་རྗེ་བཙུན་འཇམ་པའི་རྡོ་རྗེའི་འོད་གསལ་དུ་ཞུགས་སོ། །གསུང་གི་དབང་ཕྱུག་ཀྱང་སྣང་བ་མཆེད་པ་ཉོན་ཡིད་རྗེ་བཙུན་མ་ཕམ་པའི་འོད་གསུལ་དུ་ཞུགས་སོ། །རྒྱལ་ཚབ་དམ་པ་ཡང་སྣང་བ་ཉེར་ཐོབ་ཀུན་གཞི་ཀུན་ཏུ་བཟང་པོའི་འོད་གསལ་དུ་ཞུགས་སོ། །དེ་ཡང་ཡེ་ཤེས་རྡོ་རྗེ་སྤྲིན་མེད་ནམ་མཁའི་དབྱིངས་རྡོ་རྗེ་འཆང་ཆེན་པོའི་འོད་གསལ་ལ་ཞུགས་པར་གྱུར་ཏེ། དྲི་མ་མེད་པའི་འོད་གསལ་ལས། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྲ་ཕབ་པ་ཡི་རང་བཞིན་ཅན། །རྣམས་པ་ཀུན་གྱི་མཆོག་ལྡན་པའི། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཞེས་གསུང་པ་ལྟར་གྱི་རྩ་དབུ་མ་ཡེ་ཤེས་རྡོ་རྗེའི་ཕོ་བྲང་ཆེན་མོར་དབྱིངས་རིག་དབྱེར་མེད་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་སུམ་དུ་