[A:༡༧ན-༢༢༣] ༄༅། །བཅས་དཔོན་སློབ་བཅུ་གསུམ་ཡོད་པ་ལས། བཅུ་ཚིགས་གཅིག་གིས་ཉིན་གྲ་པ་གཉིས་ཀྱིས་མྱོས་འགྱུར་བསྟེན་ཞིང། གཙང་པ་བཞིས་རྡོ་སྐོར་ལ་ཕྱིན་པའི་རྐྱེན་གྱིས། "ང་ལ་ཆོས་བྱེད་པའི་གྲངས་ཁྲི་ཕྲག་གཅིག་ཡོད་ཀྱང་ཉུངས། ཆོས་མིན་སྤྱོད་པ་གཅིག་ཡིན་ཀྱང་མངས་"གསུང་ཞིང་གྲ་པ་དྲུག་ལ་གནས་དབྱུང་མཛད་པས། ལྷག་མ་དཔོན་སློབ་བདུན་གྲ་གཅིག་བྱུང་བ་ལ་བརྩི་བཞག་སོགས་ལེགས་པར་གནང།
དེ་ནས་སྙེ་ཕུར་ཕེབས་ཕུག་པ་གོང་མར་དཔོན་སློབ་རྣམས་ལྷན་དུ་གསོལ་ཐབ་གཅིག་ལ་བསྐོར་ནས་བཞུགས།
Summer Teachings at gSang phu, teachings from bsTan pa rab gsal
དེ་རྗེས་རྡོ་རྗེ་གདན་གཉིས་པ་དཔལ་ལྡན་གསང་ཕུའི་དབྱར་ཆོས་ལ་ཐེགས།
དེར་ཡོངས་འཛིན་དམ་པ་དེ་ཉིད་ཀྱི་ཕྲིན་ལས་ཀྱི་སྒོ་འཕར་མཐའ་ཡས་པ་ཕྱེ་སྟེ། སྙན་གྲགས་ཀྱི་ཟླ་བ་དཀར་པོའི་འོད་ཟེར་གྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པས། སྐལ་བ་དང་ལྡན་ཞིང་དོན་དུ་གཉེར་བའི་བུ་སློབ་བགྲང་བར་འདས་པ་འདུས། དེའི་ཚེ་དགེ་འདུན་སྤྱིའི་ཚོགས་ཆོས་སུ། བླ་མ་པཎྜི་ཏས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་ལ་བརྟེན་པའི་བསླབ་བྱ་བདུད་རྩི་སྙིང་པོ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པས་མཛད་པའི་བློ་སྦྱོང་ཚིགས་ཆོས་ཆེན་མོ་དང། སྒེར་ཆོས་རྣམ་འགྲེལ། རིགས་གཏེར་སྦྲེལ་བའི་སྤྱི་ཊཱིཀ་རྣམས་ཀྱི་སྐྱོར་མགོ་མཛད་ཅིང་ཐུགས་ཉམས་སུ་བཞེས་པས།
ཐུགས་བསྐྱེད་