[A:༢༦ན-༢༤༡] ༄༅། །མདུན་ཕྲག་གཉིས་ཀྱི་བར་འོད་གསལ་གྱི་ངང་དུ་མཉམ་པར་གཞག་སྟེ། བཅུ་དགུའི་ཐོ་རངས་ཐུགས་དམ་གྲོལ་ནས་གདུང་ཞུགས་ལ་ཕུལ། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ནས་གདུང་མཆོད་མ་གྲོལ་གྱི་བར་ཐམས་ཅད་ནམ་མཁའ་འཇའ་དང་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང། མེ་ཏོག་སྣ་ལྔའི་ཆར་རྒྱུན་འབབ་པ་སོགས་ངོ་མཚར་བའི་ལྟས་དང། ཐུགས་ལྗགས་སྤྱན་གསུམ། གདུང་ཡུངས་འབྲུ་ལྟ་བུའི་ཏིལ་གྱིས་གང་བུ་ཁ་བྱེ་བ་ལྟར་བརྟེན་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་ནི་དིང་སང་མཆོད་པའི་རྟེན་དུ་བཞུགས་སོ།
Kun dga' legs pa invites Four Communities to sNe gdong for Dus 'khor teachings།དེ་ནས་མི་འགྱངས་པར་སྣེ་གདོང་རྩེར། གུ་རུ་ཆོས་དབང་གི་སྤྲུལ་པ་གོང་མ་མིའི་དབང་པོ་ཀུན་དགའ་ལེགས་པའི་ཞལ་སྔ་ནས་ཀྱིས། བསྟན་པའི་རྩ་ལག་དམ་པ་ཚོགས་སྡེ་བཞི་སྤྱན་དྲངས་པའི་དུས་རྗེ་ཉིད་ཀྱང་ཕེབས། དབྱར་ཟླ་བ་གསུམ་ཞལ་གྱི་བཞེས་ཏེ། རྙེད་པ་དང་བཀུར་སྟི་རྒྱ་ཆེན་པོ་ནོད། སྡེ་བཞིའི་མཁན་པོ་རྣམས་གཙོ་བོར་གྱུར་བའི་ཚོགས་སྡེ་རྣམས་དང། རྩེས་ཐང་སོགས་ཆོས་གྲྭ་ཆེན་པོའི་དགེ་བའི་བཤེས་གཉེན་གྲངས་མེད་པ་རྣམས་ལ། ཟབ་པ་གཉིས་སུ་མེད་པ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྗོགས་པ་བདག་པོ་ཆེན་པོའི་དབང་དང་བཅས་པ་དང། གཞན་ཡང་རྡོ་རྗེ་ཕྲེང་བའི་དབང། ཀྲྀ་ཡ་ས་མུཙྪ་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱིས་ཁ་སྐོངས་པའི་དབང་དང། དཔལ་ཕག་མོ་གྲུ་པའི་བཀའ་འབུམ་སོགས་དབང་