R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༥བ-༢༤༠
[A:༢༥བ-༢༤༠] ལན་རིམ་པར་ཕུལ་ཞིང་ཐུགས་མཉེས་མཉེས་མང་པོ་གནང། རྗེ་ཉིད་ཀྱང་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་འབྱམས་འགྲོ་བ་ལྟ་བུའི་ཐུགས་ཉམས་ཀྱིས་དུས་འདའ། དེར་གསོལ་ཇ་ཚུར་གནང་བ་དང་ཕར་ཞུ་བ་སོགས་ཡུན་རིང་བ་ཞིག་ཞབས་དྲུང་དུ་བཞུགས་ཏེ། གནས་སྐབས་དང་མཐར་ཐུག་ལས་བརྩམས་པའི་མཆིད་འཕྲེང་རྒྱས་པ་གནང། ཕེབས་གདོང་ཕྱག་འབུལ་མཛད་པའི་ཚེ་ཕྱག་ཉམས་ཀྱིས་རྗེའི་དབུ་པསགཟུང་ཏེ། "འོ་ད་རེས་ཁྱེད་བྱོན་པ་དང་ང་གཉིད་དུ་སོང་བའི་བརྟེན་འབྲེལ་གྱིས་ངེད་རང་ཕ་བུ་གཉིས་སྐྱེ་བ་འདིའི་ཕྲད་པའི་རྟིང་མ་བྱེད་པ་འདུག། འོན་ཀྱང་ངེས་པའི་དོན་དུ་ང་དང་ཁྱེད་གཉིས་འབྲལ་བ་མེད། ཁྱེད་ཀྱིས་ངའི་གྲྭ་ས་འདི་ལ་ཕན་འདོགས་དགོས་པའི་སྐབས་ཤིག་ཀྱང་མ་འོངས་པ་ན་འབྱུང་བས། དེ་དུས་སྤོབས་པ་མ་ཞུམ་པར་བསམ་སྦྱོར་རྒྱ་ཆེན་པོ་བསྐྱེད་ཅིག"་གསུང་བ་ཕེབས། དེ་ནས་གཟུང་སྟེ་རིན་པོ་ཆེ་དེ་ཉིད་ཐུགས་ཀྱི་ཡུལ་ནས་གཏན་མི་འདོར་ཞིང། རང་གཞན་གྱི་དོན་བསྒྲུབས་པའི་ལུང་བསྟན་ཞུ་བའང། རྗེ་འདིས་ལུང་དངོས་སུ་སྟོན་པ་ལྟ་བུ་ཡིན་གསུང། Passing away of dGe 'dun sgang leader Rab 'byor seng ge དེ་ནས་རིམ་པས་སྙེ་ཕུར་ཕེབས་ནས་ཡུན་མི་རིང་བ་ན། ལྕགས་ཕོ་བྱི་བ་ལོ་ཧོར་ཟླ་བ་བཞི་པ་སྔ་མའི་དཀར་པོའི་ཕྱོགས་ཀྱི་ཚེས་བཞིའི་ཐོ་རངས་རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཀྱི་མཆོད་པའི་དགའ་སྟོན་ངོམ་པའི་ཚེམཁན་པོ་རིན་པོ་ཆེ་ཡང་ཞིང་འཕོ་བའི་ཚུལ་བསྟན་ཞིང། གཅིག་གིས་ལྷག་པའི་