[A:༢༦བ-༢༤༢] ལུང་དཔག་ཏུ་མེད་པ་དང། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ་བསྡུས་པའི་རྒྱུད། བྱང་ཆུབ་སེམས་འགྲེལ་དང་བཅས་པའི་བཤད་པ་མཛད་པའི་ཚེ། འཁྲུལ་འཁོར་ལ་སོགས་པ་དཔེ་བྲིས་སུ་འགོད་པར་འོས་པ་རྣམས་རས་བྲིས་ལས་ལེགས་པར་བསྒྲུབས་ཏེ། ཇོ་ནང་འགྱུར་གསར་ཕྱོགས་མཆན་དང་སྒོ་བསྟུན་པ་རྣམས་གཡས་ཕྱོགས་སུ་འཁོད། ཤོང་འགྱུར་བུ་མཆན་དང་སྒོ་བསྟུན་པ་རྣམས་གཡོན་ཕྱོགས་ལ་འཁོད། གོ་ལའི་འཁོར་ལོ་རྣམས་སོ་སོའི་བཞེད་པ་བཞིན་སྟོང་སྐུད་ལ་བསྒྲུབས་ཤིང། ཉི་ཟླ་གཟའ་སྐར་ལ་སོགས་པ་རྣམས་ཀྱང་རིིན་པོ་ཆེ་ལས་ལེགས་པར་གྲུབ་པ་དང། གཞན་ཡང་དངོས་སུ་བསྒྲུབ་རྒྱུ་བྱུང་བ་ཞི་རྒྱས་སོགས་ལས་སོ་སོའི་ཤེལ་ལམ་དངུལ་སོགས་བུམ་པ་དང། བགྲང་ཕྲེང་སོགས་ཞི་བ་ལ་ཤེལ་གྱི་ཕྲེང་བ་སོགས་ནས། རྨོངས་རེངས་ལ་བོང་བུའི་སོའི་བགྲང་ཕྲེང་གི་བར་རྣམས་ཀྱང་དབྱིབས་ཚད་དང་གྲངས་ལ་སོགས་པའི་ཆ་ལག་ངེས་པ་དངོས་ཀྱི་སྤྱོད་ཡུལ་དུ་མཛད་དེ། གོང་མ་ཆོས་ཀྱི་རྒྱལ་པོའི་ཕྱག་ཏུ་འགྱུར་བ་གསར་ཕྱོགས་མཆན་དང། སྐུ་གཞོགས་ཕན་ཚུན་དུ་རྭ་འགྱུར་དང། ཤོང་འགྱུར་བུ་མཆན་གཉིས་དགེ་བའི་བཤེས་གཉེན་དེའི་ཕྱག་ཏུ་བཞག་ནས་འགྱུར་སོ་སོ་དང། མཆན་གྱི་དགོངས་བཞེད་སོ་སོ་དཔེ་བྲིས་ཀྱི་གཏན་ལ་འབེབས་པར་འོས་དང་བཅས་