[A:༢༧ན-༢༤༣] ༄༅། །པ་འདི་དང་འདིའོ་ཞེས་བཤད་པ་མཐར་ཕྱིན་པ་གནང་བས། ཀེ་ལ་ཤའི་དབུས་ཀྱི་ཤམ་བྷ་ལའི་ཕོ་བྲང་དུ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་གསུང་གི་དགའ་སྟོན་ལ་མངོན་སུམ་དུ་རོལ་བ་ལྟ་བུའི་རྣམ་པར་ཐར་པ་བཟང་པོས་དུས་འདའ་ཞིང། སྐབས་དེར་མདོ་རྒྱུད་མཐའ་ཡས་པ་གཉའ་བོར་བཙུགས་ཏེ། ལུང་རིགས་སྨྲ་བ་རྣམས་ཀྱིས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་གནས་རྣམས་ལ་དཔྱོད་ཅིང་རྩོད་པའི་ཚེ། ལུང་རིག་གི་ཡོན་ཏན་འབྲིང་པོ་ཙམ་དུ་ཆུག་གསུང་ནའང། རྗེ་འདི་ཉིད་རྣམ་པ་ཀུན་ཏུ་དམན་པའི་ཚུལ་འཛིན་ཞིང་ཁེངས་པ་དང་བྲལ་བའི་གསུང་ལགས་མོད།
ངེས་པར་ན་དེ་དུས་ཕྱིར་རྒོལ་བ་རྣམས་ཀྱི་སྤོབས་པ་བཅོམ་སྟེ། མཁས་པའི་དབང་པོ་རྣམས་ཀྱི་གཙུག་རྒྱན་དུ་གྱུར་ནས་ཀུན་གྱིས་བཀུར་ཞིང་བསྟོད་པའི་གནས་སུ་མཛད་དོ།
Receiving Teachings at Yar rgyab and Gong dkar
།སླར་ཡང་ཡར་གོང་རྣམས་སུ་ཕེབས་པ་ལས། ཆོས་རྗེ་བདེ་བཟངས་པ་དང། སྒྲ་པ་གྲགས་བློ་བ་སོགས་ལ་ཀ་ལཱ་པ་དང་ཙནྡྲ་པ། དུས་ཀྱི་འཁོར་ལོའི་རྩིས་པ་ལོགས་པའང་གསན།
Journey towards sKyor mo lung to obtain 'Dul ba lung sde bzhi from 'Dul 'dzin dGe legs dpal, received it from ShAkya Yon tan
དེ་ནས་ཐུ་བཙུན་ངག་དབང་བསོད་ནམས་བློ་གྲོས་པའི་ཞབས་ཀྱིས་ཨེཝཾ་ཆོས་འཁོར་ནས་མཐུན་རྐྱེན་སྒོ་མཐའ་དག་ནས་གནང་ཏེ། སྐྱོར་མོ་ལུང་དུ་འདུལ་བ་འཛིན་པ་དགེ་ལེགས་དཔལ་བ་ལ་