R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༢༩ན-༢༤༧
[A:༢༩ན-༢༤༧]མའི་ཀུན་སྤྱོད་སྣ་ཚོགས་པའི་དུས་ཀྱི་འགྱུར་བས་ཐུགས་འབྱུང་ཞིང། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་དོན་རྩེ་ཅིག་ཏུ་དགོངས་ཏེ། སླར་ཡང་གསན་པས་ངེས་པ་མེད་པའི་རྗེ་བཙུན་འདི་ཉིད་ཀྱིས། རྣལ་འབྱོར་དབང་ཕྱུག་བསོད་ནམས་སེང་གེའི་དྲུང་དུ་ཟབ་ལམ་ཞུ་བའི་སྙན་བསྣན་པ་ལ་ཐེགས་པས། ཤིན་ཏུ་དགྱེས་ཤིང་ཞལ་བཞེས་བཟང་པོ་ཕེབས། དེ་ནས་མི་རིང་བརསློབ་དཔོན་དཀའ་བཅུ་བས་ཀྱང་ཡང་ལམ་སྙན་གསན་ཕུལ་བ་ལ་ཞལ་བཞེས་ཏེ་བཞི་སྟེར་ཕེབས། རྗེ་ཉིདབཞི་སྡེར་ཟླ་ཤས་བཞུགས་དགོས་པའི་ནན་བསྐྱེད་ཕུལ་བ་ན། རྗེ་ཉིད་ཐུགས་ཡུས་པའི་རྣལ་པས་སྤྱན་ཆབ་གསིལ་ཞིང་ད་རེས་བདག་གི་ཆོས་ཀྱི་བཏདམེད་པ་ཅིག་ཞུ། ཕྱིས་ནས་བཀའ་གང་གནང་བསྒྲུབ་ལགས་པ་བརྩེ་བའི་ཐུགས་ཀྱིས་མི་འདོར་བ་ཞུ་ཞུས་པས། Departing from Gong dkar འོ་ན་ཁྱེད་རང་གི་འདོད་པ་དང་སྦྱོར་བ་ལས་འདོད་ཅི་ཡོད་གསུང་ཐུགས་ཀྱི་ཁྲོལ་ཏེ། དགུང་ལོ་སོ་གཅིག་པ་ལྕགས་མོ་གླང་ལོ། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་གཞིས་ཁ་གོང་དཀར་ནས་བཏེག གང་ན་ས་སྐྱོང་ཆོས་ལྡན་ཞིང་། །འགའ་ཞིག་ཏུ་ནི་སྐྱེ་དགུ་རྣམས། །ས་འཛིན་བདེར་གནས་རྩོད་པ་མེད། །དེ་ནི་རྣལ་འབྱོར་བརྩམ་པར་བྱ། maybe from Chos grub seng ge's lost autobiography །ཞེས་གསུངས་པ་ལྟར་གྱི་དབེན་པའི་ཡོན་ཏན་བརྒྱ་ཕྲག་དུ་མ་དང་ལྡན་པའི་བསྟི་གནས་གཞུང་རྐྱང་ཆེན་རི་ཁྲོད་དུ་