[A:༣༢བ-༢༥༤]མཁའ་འགྲོ་མ་སེང་གེ་གདོང་ཅན་གྱི་རྗེས་སྣང། མགོན་པོ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་དང། དེའི་ཆོས་སྐོར་དབང་ལུང་གདམས་པ་དང་བཅས་པ་གསན།
བསོད་ནམས་ས་འཛིན་དཀར་པོའི་རྩེར་གནས་ཤིང།
།ཡེ་ཤེས་ལུས་སྟོབས་རབ་ཏུ་རྒྱས་པ་ཅན།
།ཤཱཀྱ་སེང་གེའི་བསྟན་པའི་དཔལ་གྱུར་པ།
།རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད།
apparently from Chos grub seng ge's lost autobiography
།ཅེས་པ་ལ་སོགས་པའི་བསྟོད་པའང་མཛད།
Decision for a hermit life
དེ་ཉིད་ནས་གཟུང་སྟེ་དབེན་པ་འབའ་ཞིག་ཏུ་བཞུགས་པའི་དགོངས་ཆེ་གཏད་དེ། རྗེ་རང་གི་ཡུམ་མཆེད་ཀྱི་གཅུང་པོ་དཀའ་བཅུ་བ་ཟླ་བཟངས་ཕྱག་གཡོག་ལ་ཡོད་པས། དགེ་བཤེས་ཟླ་བཟངས་པ། ཚེ་ལོང་མེད་རྩ་ཁའི་ཟིལ་བ་འདྲ་བ་འདི་ལ་སྙོམས་ལས་སུ་བསྡོད་པ་སུ་ཡིས་ཁོམ། ངེད་རང་གཉིས་ཀྱིས་ཉམས་སུ་ལེན་ནུས་ན ། ཚེ་གཅིག་ལུས་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པ་ལ་ཡིད་གཉིས་མེད་པའི་གདམས་པ་ཟམ་མོ་ནི་ཡོད། དེ་ཡང། དཔལ་མར་མེ་མཛད་ཡེ་ཤེས་ཞབས་ཀྱིས་འཁོར་བ་ལ་ཡིད་ངེས་པར་སྐྱོ་བ་ཞེས་བྱ་བའི་གླུ་ལས། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།། གང་ལ་བསམས་ཀྱང་ཕན་པར་མི་འདུག་པས། །རང་གི་སེམས་ལ་བལྟ་བ་གོམས་པར་བགྱིས། །ཤེས་དང། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང། །ཚེའི་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་མཚོ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་རིགས། །ཞེས་དང། ཡེ་ཤེས་ཕྱག་རྒྱ་ལས།