[A:༣༨ན-༢༦༥] ༄༅། །ཏུ་རྨོངས་པའི་རང་བཞིན་དུ་གྱུར་པས། ཅུང་ཟད་ཙམ་ཡང་སྦྲེལ་བ་ཐུབ་པར་བོར་བས། ལྷག་པར་ཉམས་ཐག་པའི་མཆི་བ་ལས་རེ་བ་ལས་མི་འདུག་པ། རྗེ་འདིས་གཟིགས་ཏེ། ཤེར་མཆོག་ལ་ཅི་བྱུང་བ་ཡིན་ནམ་ཞེས་འཁོར་གྱི་དབུས་སུ་བའ་བསྩལ་བ་ན། དྲུང་ཤེར་རྒྱམ་པས་ལོ་རྒྱུས་རྣམས་གསོལ་བས། ཁོ་རང་དེ་ཙམ་དུ་ཉོན་རྨོངས་ན། ངས་སྒྲོལ་བས་ཆོག་གསུངས་ཏེ་གྲྭ་སྐོར་ལེགས་པར་སྒྲེལ་བས། ཚེགས་ཆུང་ངུས་སྦྲེལ་ཐུབ་སྟེ་གྲྭ་སྐོར་བྱས། དེ་ལ་བརྟེན་ནས་ཉེ་གནས་པའང། རྗེ་འདི་ལ་ཁ་ཙམ་ཚིག་ཙམ་མིན་པའི་དད་པ་ཐོབ་སྟེ། ཞབས་འབྲིང་བ་བགྱིད་པར་གསོལ་བ་བཏབ་པ་ན། ངེད་དུ་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ནད་དྲག་པོས་བཏབ། ནམ་འཆི་ཆ་མེད་པའི་ཉི་མ་རྒས་ཁའི་གྲིབ་སོ་དང་འདྲ་བ་འདི་ལྟ་བུའི་གཡོག་བྱས་རུང་ཁྱོད་རང་སེམས་ཉོན་མོངས་པའི་རྒྱུ་འབའ་ཞིག་ཏུ་འགྲོ་བས་མི་ལེགས་ཤེས་དོ་གལ་ཆེན་པོས་བསེད་སྦྱང་གནང་ན་ཡང། སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་མཐུ་བརྟས་པས་བཟློག་པར་མ་ནུས་པར་ཞབས་འབྲིང་བགྱིས་ཏེ། རྗེའི་བཤད་གསར་ལ་སོགས་ལ་སོགས་པ་འབད་པ་ཆེན་པོས་ཞབས་འདེགས་དཔྱིས་ཕྱིན་པ་སྒྲུབ། དེ་ནས་ཤིང་ཕོ་འབྲུག་གི་ལོ་ཧོར་ཟླ་དང་པོའི་ཚེས་ལྔའི་ཐོ་རངས་ནམ་མཁའ་ལ་ཁ་དོག་སྣ་ཚོགས་པའི་སྤྲིན་གྱི་གཟུགས་ལས། རིག་པ་འཛིན་པ་དང། ལྷའི་བུ་དང་བུ་མོ་ལ་སོགས་པ་མངོན་སུམ་དུ་སྣང་བ་ལྟ་བུའི་དབུས་ནས་