[A:༤༥བ-༢༨༠] སུ་བཏབ་པས་དཔོད་དམར་མར་གྲགས་པ་སོགས་མ་ཚང་བ་མེད་པར་གསན་ཏེ། མདོ་སྔགས་རྒྱ་མཚོའི་གསུང་རབ་དགོངས་འགྲེལ་བཅས། །དམ་པའི་དྲིན་ལས་ལེགས་པར་ཐུགས་ཆུད་ནས། །ཆོས་སྒོ་བརྒྱ་ཕྲག་འབྱེད་པའི་ཕྲིན་ལས་ཅན། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྲགས་ལ་འདུད། །ཅེས་སྐུ་ཆེ་བའི་ཡོན་ཏན་བསྔགས་ནས་བསྟོད་པའོ། །
འབྲི་ཁུང་མཁན་པོ་མཁས་གྲུབ་རྣམ་རྒྱལ་མགོན་པོའི་དྲུང་དུ། གདན་གཞི་རྒྱས་པའི་དབང། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་རྡུལ་ཚོནགྱི་དཀྱིལ་འཁོར་དུ་ལྷ་བཞི་བཅུ་རྩ་དྲུག་ས་ལུགས། ལྷ་ཁྲའི་དབང། དྲག་པོ་སྒྲོལ་དབང། ཕུར་བསྲུངས་གཉིས་དང་བཅས་པ། གཞན་ཡང་འཇམ་དབྱངས་དཀར་པོ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། དབྱངས་ཅན་མ་རྣམས་ཀྱི་རྗེས་སུ་གནང་བ། རྒྱ་གཞུང་དང་བཅས་པའི་གདམས་པ་རྣམས་དང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་དེའི་སྒྲུབ་ཐབས། རྒྱ་གཞུང་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ། ལས་ཚོགས་རྗེས་གནང་བསྲུང་བ་སོགས་ཀྱི་ཡིག་ཆ་རྣམ་པར་ཁྲོད་པ་གཞོན་ནུ་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས་གསན། སླར་ཡང་རྒྱུད་སྡེ་ཆེན་པོ་བཞིར་གྲགས་པའི་རྒྱུད་ཀྱི་རྣམ་གྲངས་དཀར་ཆག་ཇི་ལྟ་བ་བཞིན་མ་ཚང་བ་མེད་པ་དང། གཞན་ཡང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཀའ་འབུམ་ལ ། རྗེ་ས་ཆེན་གྱི་པོ་ཏི་གཉིས། རྗེ་བཙུན་རྩེ་མོའི་