[A:༤༨བ-༢༨༦] སྤྱན་འདྲེན་ལ་བཏེག་ནས། ཟླ་བ་དྲུག་པའི་ཚེས་གཅིག་ལ་རྡོ་རྗེ་གདན་དུ་ཕེབས་རྒྱུའི། ལྔ་པའི་གནམ་གང་གི་ཐོ་རངས། རྗེའི་མནལ་ལམ་དུ། རིན་པོ་ཆེ་རབ་འབྱོར་སེང་གེ་ཕེབས་ཏེ། རྗེ་ཉིད་ས་ཞྭ་བཞེས་ཀྱི་ཡོད་པ། ཁྱེད་རང་གི་ཞྭ་མོ་དེ་ད་ལན་ཞོག། ངེད་ཀྱིས་ཞྭ་འདི་བཞེས། བསྟན་པ་ལ་བྱ་བ་འདི་ཆེ་བ་ཡིན་གསུང། དབུ་ཞྭ་དེའི་མདུན་ཕྱོགས་ལ་ནག་ཐིགས་ཅིག་འདུག་པ་ཅུང་ཟད་ཐུགས་མ་བདེ་བའི་ངང་ལ་ཡནླ། ཡན་ལག་སད་དེ། དགོངས་པ་ལ་ཚོགས་ཀྱི་གདན་ས་ལ་འགྲོ་དགོས་པ་གཅིག་འོང་བ་འདྲ་ཞིང། རང་གི་འདུན་པ། ཚེའི་འཇུག་མཇུག་འདི་ལ། ཁ་ཆེ་པཎ་ཆེན་གྱི་དབེན་གནས་ཆུ་ཤུལ་ཅོག་མ་དགོན་པའི་བྲག་ཕུག་ཐེ་བརྐོས་མར་སྡོད་པ་ཅིག་བྱེད་དགོས་པ་དམ་པ་བྱུང། སང་ཉིན་གདན་འདྲེན་པ་རྣམས་ཀྱང་འབྱོར། ཚོགས་སྡེའི་ཞུ་ངག་ཞུའོ། །བདག་ཆེན་གྱི་བཀའ་ཡིག་ཞིབ་རྒྱས་རྣམས་ཕུལ་བ་ན། ཚོགས་སྡེ་བཞིའི་གདན་སའི་འོས། ལུགས་གང་དང་གང་ལའང་ཐོགས་པ་མེད་པའི་དགེ་བའི་བཤེས་གཉེན་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་དང། འཇིག་རྟེན་ཕྱོགས་ནས་ཀྱང་འཁོར་ཁྱཽད། ཁྱོན་ཡོངས་་གང་ས་ནས་འབྱོར་ཞིང། ཞི་དྲག་གི་བྱ་བ་གང་ལའང་བརྩོན་འགྲུས་ཀྱི་འཇུག་པ་མགོ་ལ་མེ་ཤོར་བ་སེལ་བ་ལ་བརྩོན་པ་ལྟ་བུ་ཅིག་དགོས་པ་ལ། ངེད་འདུས་སྡེ་གསུམ་པའི་རིགས་སྤང་བླང་གང་གིའང་འཇུག་པས་དབེན་པ་འདིས། གདན་ས་འོང་མི་འོང་