[A:༡༡༨] ཞལ་གྱི་གསང་ཁྲིད་ཚེ་ཁྲིད་དང་བཅས་པ། ཐུན་མོང་བ་དཀར་ཆག་ནོར་བུའི་དོ་ཤལ་གྱིས་ཟིན་པ་པོད་༡། ཐུན་མོང་མ་ཡིན་པ་ཆིག་བརྒྱུད་ཧ་ལ་ནག་པོ་མ་བུ་པོད་གཅིག། བེགཙེའི་པོད་གཅིག། གཞན་ཡང་མགོན་དཀར་དམག་ཟོར་མ་དུར་ཁྲོད་བདག་པོ་ཡབ་ཡུམ་རྣམས་ཀྱི་རྗེས་གནང་། སོ་སོའི་མན་ངག་གི་གླེགས་བམ། གནུབས་ལུགས་སྟག་ཞོན། ལེགས་ལྡན་བྱ་རྒྱུད?མཆེདགསུམ་སོགས་ཀྱི་རྗེས་གནང་བཞུགས་སོ༎ གསུམ་པ་གསུང་འབུམ་སྐོར་ལ། ས་སྐྱ་གོང་མ་ལྔའི་བཀའ་འབུམ་པོད་བཅོ་ལྔ། རྒྱལ་སྲས་ཐོག་མེད་བཀའ་འབུམ་པོད་གཅིག། ངོར་ཆེན་རྡོ་རྗེ་འཆང་བཀའ་འབུམ་པོད་བཞི། མུས་ཆེན་གཅིག། ཀུན་མཁྱེན་བསོད་ནམས་སེངྒེའི་སྔགས་ཕྱོགས་བཞི། དཀོན་མཆོག་ལྷུན་གྲུབ་བཞི། དཔལ་ལྡན་དོན་གྲུབ་གཅིག། ཞུ་ཆེན་པཎྜི་ཏ་༡༠་རྣམས་ཀྱི་བཀའ་འབུམ་ཡོངས་རྫོགས་དང་ཚར་ཆེན་ཡབ་སྲས། པཎ་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་ཆོས་གྲགས། སངས་རྒྱས་ཕུན་ཚོགས། རྨོར་ཆེན་ཀུན་དགའ་བློ་གྲོས་སོགས་ཀྱི་གསུང་འབུམ་ཐོར་བུ་བཅས་ཀྱིས་མཚོན་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ལྟ་བུ་ཞིག་བཞུགས་ཤིང་། ས་ངོར་ཚར་གསུམ་གྱི་རིང་ལུགས་འཛིན་པའི་དགོན་སྡེ་རྣམས་སུའང་། བྱ་རྒྱུད་ཚེ་དཔག་ལྷ་དགུ། རྔ་སྒྲ། མི་འཁྲུགས་པ། རྣམ་རྒྱལ། རྣམ་འཇོམས། སྒྲོལ་དཀར། རྣལ་འབྱོར་རྒྱུད་ཀུན་