R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༠༧བ
[A:༥༠༧བ]བཅས། ཡང་རི་དྭགས་རྒྱའི་ལྤགས་པ། རྐུན་མ། བྱི་བ། བྲ་བའི་ལག་པ། རྒྱ་པ་ལ་བརྟེན་ནས་ནོར་སྒྲུབ་ཚུལ། གཞན་གྱི་ནོར་འགུགས་པ་རྣམས་ལྷ་སའི་གཏེར་མོའོའི་མཐའ་ཅན།
(བ)
ཕྱག་མཚན་གྱི་མན་ངག་ལ་རྒྱལ་མཚན་དང་ནེའུ་ལེ་ལ་བརྟེན་པ། མིས་མི་མཐོང་བར་སྦའོའི་མཐའ་ཅན། གནོད་སྦྱིན་སྟག་མདའ་མདོས། ལྷ་མོ་ནོར་དཔལ་མའི་སྒྲུབ་ཐབས་རབ་ཤུགས་ཀྱིས་འགོ་བའི་མཐའ་ཅན། སྟག་མདའི་སྒྲུབ་ཐབས་རྒྱ་དངུལ་གཅིག་ལས་མི་སྤེལ་མཐའ་ཅན། མཐུན་རྐྱེན་སྒྲུབ་པའི་ཆ་རྐྱེན་ཇོ་བོས་ཟངས་དཀར་ལ་གནང་བ་ཐེ་ཚོམ་མེད་དོའི་མཐའ་ཅན།
(མ)
ཤེས་པ་དཀར་པོའི་ལོ་རྒྱུས་དེའི་སྲོག་འཁོར་བསེ་གདོང་ཅན་གྱི་མནན་པ་བཅས་པར་ཤིན་ཏུ་ཟབ་མོའི་མཐའ་ཅན།
(ཙ)
རྣམ་སྲས་གསང་སྒྲུབ་བ་ཛཱ་རཱ་ཏའི་ཞུས་པའི་མཐའ་ཅན།
(ཚ)
མན་ངག་ཟབ་མོ་རྨི་ལམ་གཞུང་ན་གསལ་ལོའི་མཐའ་ཅན།
(ཛ)
གོས་སྔོན་ཅན་གྱི་སྒྲུབ་ཐབས་དྲུག་ཆ་ནས་སྤྲད་དེ་མ་ཞུགས་པའི་མཐའ་ཅན།
(ཝ)
མངོན་རྟོགས་དགོས་འདོད་འབྱུང་བ་བུ་སྟོན་གྱིས་མཛད་པ།
(ཞ)
རྒྱལ་པོ་ཆེན་པོ་ཐུགས་རབ་ཏུ་མཉེས་པར་བྱེད་པ་