R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༢བ
[A:༥༡༢བ]མའི་ཕྱག་ལེན་བྱ་བྲལ་འཇམ་དབྱངས་ཀྱི་ཟིན་བྲིས་མཐའ་ཅན།
(མ)
སྒྲུབ་ཐབས་དགོས་པ་ཀུན་ཚང་། མཐུལ་དུ་བྲིས་པའི་མཐའ་ཅན།
(ཙ)
མཆོད་ཆོག་རིན་པོ་ཆེའི་གཏེར། གཤག་ཕུ་རིན་ཆེན་གྱིས་སྦྱར་བའི་མཐའ་ཅན།
(ཚ)
རྣམ་སྲས་ཞི་དྲག་ཁ་ཡར་གྱི་སྒྲུབ་ཐབས། ག་ཀ་ན་སིས་མཛད་པ།
(ཛ)
གཏོར་ཆོག་དངོས་གྲུབ་རྒྱ་མཚོ། སྐད་གཉིས་སྨྲ་བ་རིན་ཆེན་རྒྱལ་མཚན་གྱིས་མཛད་པ།
(ཝ)
རྣམ་སྲས་མདོས་ཆོག་ཆེན་པོ་པཎྜི་ཏ་ཏེ་ཙ་དེ་བ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ།
(ཞ)
རྣམ་སྲས་ཀྱི་གཡུལ་ཟློག་ཆེན་མོ།
(ཟ)
རྟ་བདག་བརྒྱད་ཀྱི་བཀྲ་ཤིས་ཚར་ཆེན་གྱིས་མཛད་པ།
(འ)
གསང་སྒྲུབ་རིན་ཆེན་ཁང་བརྩེགས་གོང་དང་མི་འདྲ་བ།
(ཡ)
རྣམ་སྲས་གྱི་གསང་མདོས་བཅས་ལེགས་པར་ནོས་པ་ལས།
(དབང་)
རྟགས་ཅན་དང་། རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། སློབ་དཔོན་ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡེར་པོ་ཆུ་སྟོན། གཅུང་