R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༡༩བ
[A:༥༡༩བ]པའི་ཀུ་རུ་ཀུལླེའི་རྗེས་གནང་ཚར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་བཞག་ཚར་ཆེན་ཡབ་སྲས་ཀྱི་དགོངས་དོན་འཁྲུལ་མེད་རྣམས་སོ།། །། དཔེའུ་རིས་ལ། སྒྲུབ་པའི་མཎྜལ་སྒྲུབ་རྫས་དང་བཅས་པ། རང་ཉིད་ནུས་ལྡན་དུ་བྱ་བའི་འཁོར་ལོ། ལིངྒའི་སྙིང་གར་འཇུག་པའི་འཁོར་ལོ་དེ་དང་འདྲ་མིན་གཅིག ། སྦྱིན་སྲེག་གི་ཐབས། ཀླུ་སྒྲུབ་ཀྱི་རྒྱ་གཞུང་དངོས་གྲུབ་འབྱུང་གནས་ཀྱི་དོན་ཀུན་འགྲུབ་པ། ལྷ་ཀླུ་སོགས་དབང་སྡུད་སྤྱི་དྲིལ་གྱི་འཁོར་ལོ། ཆར་དབབ་པའི་དཀྱིལ་འཁོར། སྦྲུལ་དང་སྦལ་པར་འཇུག་པའི་ཕྱེད་མཐའི་ཙཀྲ། རིལ་བུ་འཁོར་ལོ་ཅན། རླུང་གནོན་འཁོར་ལོ། ནོར་སྒྲུབ་འཁོར་ལོ། སྲིའུ་གསོ་བའི་འཁོར་ལོ་དང་བཅས་པ་རྣམས་ཕྱག་ལེན་དམར་ཁྲིད་དུ་ལེགས་པར་ཐོབ་པ་ལས། ཐོག་མར་ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་མྱ་ངན་མེད་པ། པཎྜི་ཏ་ཨ་མོ་གྷ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། འུ་ཡུག་པ་ཀུན་དགའ་བསོད་ནམས།
རྒྱལ་དབང་ཚར་ཆེན་གསན་