R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༣༧བ
[A:༥༣༧བ]ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་དཀོན་མཆོག་བསྟན་པ་རབ་རྒྱས་དང་། འཇམ་མགོན་རྡོ་རྗེ་རིན་ཆེན་གཉིས། གཉིས་ཀ་ལས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་བསོད་ནམས་རྒྱལ་མཚན། རྡོ་རྗེ་འཆང་ངག་དབང་བློ་གྲོས་སྙིང་པོ། འདུལ་འཛིན་སྙན་གྲགས་ཐར་པ། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་པ་ལའོ། །དེའི་ནང་ནས་ས་བཅད་དྲུག་པའི་སྐོར་རྣམས་མཁྱེན་བརྩེའི་དབང་པོས་འཇམ་མགོན་རྡོ་རྗེ་རིན་ཆེན་ཁོ་ན་ལས་གསན་འདུག་གོ། །། ས་བཅད་བཞི་པ་དང་། དྲུག་པ་ཨ་མོ་གྷ་ནས་བརྒྱུད་པ་ནི། ཨ་མོ་གྷ་བཛྲ། པཎ་ཆེན་ནཱ་རོ་པ། ཇོ་བོ་དཱི་པཾ་ཀ་ར། འབྲོམ་རྒྱལ་བའི་འབྱུང་གནས། པུ་ཏོ་བ། ཤ་ར་བ། འཆད་ཁ་བ། ཁྲོ་ཕུ་བ། ཁྱི་ལོ་ཡོ་ག །ཤྲཱི་ལ་པྲ་བྷ་ཝ། དོལ་ཀུ་མཱ་ར། གཙང་བནྜེ། གསལ་བ་སྒང་པ། སློབ་དཔོན་དཔལ་མགོན། སློབ་དཔོན་བདེ་བ། གཉན་དབོན་རིན་པོ་ཆེ་མན་འདྲ་བ་ལས། ཀུན་བློ་ནས། པཎ་ཆེན་ཀུན་བཀྲས། སྔགས་འཆང་ཀུན་དགའ་