R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥བ
[A:༥༥བ]འཆང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག །རིན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲ། ཡང་ན། ཀུན་དགའ་བསོད་ནམས་ནས། ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས་མན་འདྲའོ། ། དམིགས་བསལ་སམྦུ་ཊའི་རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་ལོ་ཆེན་པོ། སེ་སྟོན། ཞང་སྟོན། གོང་མ་རྣམ་ལྔ། ཞང་སྟོན་ཁུ་དབོན་གཉིས། ཆོས་རྗེ་རྣམ་གཉིས། གཉིས་ཀ་ལས་དཔལ་ལྡན་ཚུལ་ཁྲིམས། བུདྡྷཤྲཱི། ངོར་ཆེན་མན་འདྲའོ། ། ལམ་སྦས་ཏེ་བཤད་པ་ས་པཎ་གྱིས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ནས། ཚོགས་ཉན་གཉིས། བྲག་ཕུག་པ། ཆོས་རྗེ་རྣམ་གཉིས་མན་འདྲའོ། ། སྒོ་དྲུག་ཆོས་འབྲེལ་ལས། བར་ཆད་གསུམ་སེལ་གྱི་བརྒྱུད་པ་ནི། མཛད་པ་པོ་ནས། ལོ་ཆེན་རྡོ་རྗེ་འཆང་འབྲོག་མི་ཤཱཀྱ་ཡེ་