R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦བ
[A:༥༦བ]ཆུའི་ཆོ་ག་གསལ་བའི་མེ་ལོང་བཅས་བྱ་བྲལ་མར་གྲགས་པ་དང་། ལམ་ཟབ་ཕྱི་མའི་ཉམས་ལེན་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། ཡབ་རྗེ་ཀུན་དགའ་བཀྲ་ཤིས། ཀུན་སྤངས་བསོད་ནམས་ཆོས་འཕེལ། རྗེ་བཙུན་མ་མཁའ་སྤྱོད་དབང་མོ། ས་ཆེན་ཀུན་དགའ་བློ་གྲོས། མཆོག་སྤྲུལ་ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན་མན་གོང་བཞིན་ནོ། །ཡང་ན། རྗེ་བཙུན་མཁའ་སྤྱོད་དབང་མོ་ནས། གནས་གསར་བ་ཀུན་ལེགས། ས་སྐྱ་པ་ཀུན་བློ་མན་འདྲའོ།། །། ༈ དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ལམ་འབྲས་གཞུང་བཤད་སྐོར་ལ་ན་བཟའི་མཚན་གྱིས་པོད་ནག་མར་གྲགས་པའི་ཆོས་ཀྱི་རྣམ་གྲངས་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་