R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༠ན
[A:༥༧༠ན]མུས་ཆེན་བསོད་ནམས་དཔལ་བཟང། སྐལ་ལྡན་ཆོས་ཉིད་ཡེ་ཤེས། མཚུངས་མེད་ཡེ་ཤེས་རྒྱལ་མཆོག། དེས་ཡོངས་འཛིན་མ་ཏི་སཱ་ར། དཔལ་ས་སྐྱ་པ་རྡོ་རྗེ་རིན་ཆེན། རྗེ་བཙུན་སྐལ་བཟང་ཆོས་ཀྱི་ཉི་མ། མཁན་ཆེན་བྱམས་པ་བཀྲ་ཤིས་ཆོས་འཕེལ། མཁན་ཆེན་འཇམ་དཔལ་རྒྱ་མཚོ། མཁན་ཆེན་ཆོས་བཟང་རྒྱ་མཚོ། ཆོས་རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པར་དགེས་བཞིན་དུ་བསྩལ་བའོ། །ཡང་ན་སོགས་གསན་ཡིག་ལྟར་རོ། ། ༈ ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཡེ་ཤེས་ཀྱི་མཁའ་འགྲོ་མ། ཤ་པ་རི་པ། མཻ་ཏྲི་པ། གྲུབ་ཆེན་རཱ་ཧུ་ལ། ཁྱུང་པོའི་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པ། སངས་རྒྱས་སེང་གེ། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཐར་པ་དཔལ་བཟང། རིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་རྡོ་རྗེ་