[A:༥༧༡ན]སོགས་གསན་ཡིག་ལྟར་རོ། །
༈ ཆོས་དྲུག་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ནི། རྡོ་རྗེ་འཆང། ནཱི་གུ་མ། ཐང་སྟོང་རྒྱལ་པོ། བློ་གྲོས་རྒྱལ་མཚན་མན་གོང་རྩ་བའི་བརྒྱུད་པ་དང་འདྲའོ། ། ༈ འཆི་མེད་འཁྲུལ་འཁོར་སོགས་ཀྱི་བརྒྱུད་པ་ནི། གསན་ཡིག་ལྟར་རོ། །
༈ བྱང་གཏེར་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་ཀྱི་དབང་འབྲིང་པོའི་བརྒྱུད་པ་ནི། རྗེ་བླ་མས་གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་ལས་གསན་ཅིང། དེས་བཀྲ་ཤིས་ཆོས་སྡེའི་དབོན་སྤྲལ་རིན་པོ་ཆེ་བྱམས་པ་བསྟན་པའི་རྒྱལ་མཚན་ལས་གསན། དེ་ཉིད་ས་ངོར་ཕྱོགས་སུ་ཡུན་རིང་བཞུགས་སྐབས་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་དང་། འཇམ་དབྱངས་ཐུབ་བསྟན་བཟང་པོ་གང་རུང་ལས་གསན་པ་ཡིན་ཤས་ཆེ་བ་དེ་ལྟར་ན། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་བདེ་གཤེགས་རིགས་ལྔ། གསང་བའི་བདག་པོ། སྨུག་ནག་དབང་གི་མཁའ་འགྲོ། ཚངས་པ་གདོང་གསུམ། ལྷའི་དབང་པོ། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཤཱཀྱ་པྲ་བྷ། ཨོ་རྒྱན་ཆེན་པོ། བི་མ་ལ།་ཤཱི་ལ་མཉྫུ། རྡོ་རྗེ་