R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༧༢ན
[A:༥༧༢ན]ཨུ་པ་རཱ་ཛ། གོ་མ་དེ་ཝཱི། གུ་རུ་པདྨ། མཚོ་རྒྱལ། ལྷ་སྲས། གཏེར་སྟོན། ཀོང་སྤྲུལ་རིན་པོ་ཆེ། འཇམ་མགོན་རིན་པོ་ཆེ། ༈ སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་བྱོན་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་མཐའ། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། གཏེར་སྟོན་སངས་རྒྱས་བླ་མ། ཀུན་གཟིགས་འཁོར་ལོའི་མགོན་པོ་མདོ་སྔགས་གླིང་པ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཡབ་ཆེན་སྣང་མཛད་རྡོ་རྗེ། མཁྱེན་སྤྲུལ་འོད་གསལ་སྙིང་པོ། གཙང་སྤྲུལ་རིན་པོ་ཆེ་བྱམས་པ་ཀུན་དགའ་རྒྱལ་མཚན། དྲིན་ཆེན་བླ་མ་ཆོས་རྗེ་ངག་དབང་བློ་གྲོས་རིན་ཆེན། དེས་ཁོ་བོ་འཁོན་རིགས་པ་ཐེག་ཆེན་དཔལ་འབར་ལའོ། ། ༈ གཡུ་ཐོག་སྙིང་ཐིག་གི་རྩ་དབང། དོན་དབང་རྗེས་གནང། བཀའ་གཏད་ཚང་མའི་བརྒྱུད་པ་ནི། རིང་བརྒྱུད། སངས་རྒྱས་སྨན་གྱི་བླ་མ། པདྨཱ་ཀ་ར། དཔལ་ལྡན་ཕྲེང་བ། གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་