[A:༥༧༩བ]དཔལ་འབྱོར་ཕྲིན་ལས་རབ་རྒྱས། ཀུན་གཟིགས་ལྔ་པ་རིན་པོ་ཆེ་བློ་བཟང་རྒྱ་མཚོ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། གྲུབ་བརྙེས་འཇམ་དཔལ་རྒྱ་མཚོ། སྒྲུབ་དགེ་ལེགས་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ། བདེ་འབྱོར་དཔོན་སློབ་ངག་དབང་དོན་གྲུབ། ལྕང་སྐྱ་རོལ་པའི་རྡོ་རྗེ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན། བཀྲས་ལྷུན་ཡེ་ཤེས་བཀྲ་ཤིས། ཤར་རྩེ་བློ་བཟང་ཡོན་ཏན། མཁས་གྲུབ་དམ་ཚིག་རྡོ་རྗེ། ཆུ་བཟང་བ་སྐལ་བཟང་མཁས་གྲུབ། བཀའ་འགྱུར་བ་གྲགས་པ་ཀླུ་སྒྲུབ། མཆོག་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ཐུགས་རྗེ་ཡོངས་གྲགས་དཔལ་མན་བཙལ། ཡང་པཎྜི་ཏ་ལ་བ་དམར་པོ་ནས་བརྒྱུད་པའི་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ལེགས་པར་བསྩལ་བའི་བརྒྱུད་པ་སྟོད་ཕྱོགས་རྣམས་གོང་སྒྲུབ་བཏུས་སྐབས་ནས་བྱུང་བ་བཞིན་ལ། རྗེ་ནམ་མཁའ་རྒྱལ་མཚན་མན་གྱི་བརྒྱུད་རིམ་དང་ཡིག་ཆ་གང་ཡིན་ཚོལ་དགོས་པ་བཅས། དེ་ཡན་གྱིས་གོང་ས་རྣམ་འདྲེན་ཆེན་པོ་མཆོག་ནས་བཀའ་དྲིན་དུ་ནོས་པའི་སྐོར་ཏེ་རིམ་པར་ཕྱེ་བ་དྲུག་པའོ།། །།