R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨ན
[A:༥༨ན]ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག །ལམ་ཟབ་བླ་མའི་རྣལ་འབྱོར་ཞལ་ཤེས་དང་བཅས་པའི་བརྒྱུད་པ་ནི། མཛད་པ་པོ་བླ་མ་དམ་པ་ནས། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། བྲག་ཐོག་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རིག་པའི་ཀླུ་
(གློག་)
ཕྲེང་། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། རྗེ་ལྷ་དབང་ཕྲིན་ལས། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། མཚུངས་མེད་ཕྲིན་ལས་རྣམ་རྒྱལ། སྒྱི་ཆུ་བ་མཁན་ཆེན་བློ་གྲོས་དབང་ཕྱུག །ཆོས་དབང་རྒྱ་མཚོ། ཀུན་དགའ་ཆོས་འཕེལ། སྐལ་བཟང་ཡོན་ཏན་ལྷུན་གྲུབ། བླ་ཆེན་དགའ་བརྩོན་འགྲུས། ཀུན་དགའ་དབང་རྒྱལ། དགེ་འདུན་རབ་རྒྱས། འདི་ནས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་ཆད་གོང་མ་རྣམས་དང་འདྲ་བའམ་སྙམ། ༈ རྒྱལ་བས་ལུང་གིས་བསྔགས་པའི་སྐྱེས་མཆོག་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྣམ་བཤད་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་གྱི་བརྒྱུད་པ་ནི། རྡོ་རྗེ་